དབྱི་ལང་གི་གྲོས་དཔོན་གྱིས་དབྱི་ལང་ལ་གནོད་སྐྱེལ་ན་མྱུར་མོར་ཕྱིར་རྒོལ་ལན་དྲག་པོ་སྤྲོད་སྲིད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་ཚེས6ཉིན་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་མིས་འདྲ་མཉམ་རྒོལ་ལན་སྤྲོད་པའི་དུས་སྐབས་མཇུག་སྒྲིལ་བ་གསལ་བོ་ཤེས་ཡོད་པ་ཁོ་ཐག་རེད། དབྱི་ལང་གི་ཁེ་ཕན་དང་བདེ་འཇགས་ལ་དམིགས་པའི་ཉེས་སྤྱོད་གང་རུང་ལ་མྱུར་མོར་རྒོལ་ལན་དྲག་པོ་སྤྲོད་ངེས་ཡིན་ཟེར།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁཱ་ལེ་པཱ་ཧྥུའུ་ཡིས་གཏམ་བཤད་སྤེལ་སྐབས་ནང་ཁུལ་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་ནན་བཤད་བྱས། ཁོས་བཤད་རྒྱུར། ནང་ཁུལ་གྱི་མཐུན་སྒྲིལ་དང་ཕྱི་ཕྱོགས་ལ་དམིགས་པའི་ཟིལ་ཤུགས་ལ་སྲུང་སྐྱོབ་བྱེད་པ་ནི་དབྱི་ལང་གིས་དགྲ་བོར་རྒོལ་ལན་སྤྲོད་པའི་བྱེད་ཐབས་གལ་ཆེན་གཉིས་ཡིན། ཕྱོགས་དེ་གཉིས་ཇེ་ཞན་དུ་གཏོང་བའི་གཏམ་བཤད་དང་བྱ་སྤྱོད་གང་ཡིན་ཡང་དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་གྱི་རེ་བ་དང་མི་འཚམ་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།