
རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་ཚེས6ཉིན་གསལ་སྒྲོག་སྤེལ་ཏེ། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་གཙོ་བོ་བདུན་གྱིས་ཟླ་བཅུ་བར་མ་བཅོས་རྡོ་སྣུམ་ཐོན་ཚད་མི་འགྱུར་བ་སྲུང་འཛིན་བྱེད་རྒྱུ་ཐག་བཅད། ཟླ9བའི་ཆུ་ཚད་དང་འདྲ་བར་མ་ཟད་ཚོང་རའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་བསྐྱར་སྒྲོག་བྱས།
སོ་ཏི་ཨ་རབ་དང་ཨུ་རུ་སི། དབྱི་རག ཁི་ཝེ་ཐི། ཧཱ་སག་སི་ཐན། ཨར་ཅི་རི་ཡཱ། ཨ་མན་བཅས་ཀྱི་འཐུས་མིས་ཉིན་དེར་དྲ་ཐོག་ནས་གྲོས་ཚོགས་བསྡུས་ཏེ། གོ་ལ་ཧྲིལ་བོའི་རྡོ་སྣུམ་ཚོང་རའི་ད་ལྟའི་གནས་བབ་དང་མདུན་ལྗོངས་ལ་བརྡར་གཅོད་བྱས། དེ་ནི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་གཙོ་བོས་ད་ལོའི་ཟླ4བར་ཐོན་ཚད་འཕར་བའི་ཚུན་ལ། ཐོག་དང་པོར་ཐོན་ཚད་འཕར་མཚམས་བཞག་པ་རེད།
སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབུས་ཤར་ས་ཁུལ་གྱི་འཐབ་འཁྲུག་ལས་ཧའོ་ཨར་མུའུ་ཙི་མཚོ་འགག་གི་རྡོ་སྣུམ་སྐྱེལ་འདྲེན་ལ་བཀག་རྒྱ་ཐེབས་པ་དང་། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་རྡོ་སྣུམ་རིན་གོང་དང་ཚོང་རའི་འབོར་གྲངས་ཀྱི་ཤུགས་རྐྱེན་ལ་ཚོད་འཛིན་ཐེབས་ཡོད་ཟེར། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་ད་ལོའི་ལོ་མཇུག་ཏུ་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་སོ་སོའི་རྡོ་སྣུམ་ཐོན་སྐྱེད་ལ་དཔྱད་འཇོག་བྱེད་རྒྱུ་ཡིན་པ་དང་། 2027ལོའི་ཐོན་ཚད་ཚད་གཞི་གཏན་འཁེལ་བྱེད་རྒྱུ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།