སེ་ར་ལེ་ཨོང་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་གྲོང་སྡེ་སྟོང་ལ་བསྐྱོད་པའི་ནད་བརྟག་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

སེ་ར་ལེ་ཨོང་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་སྐོར་ཐེངས་ཉེར་བདུན་པས་ཚེས5ཉིན་སེ་ར་ལེ་ཨོང་གི་རྒྱལ་ས་ཧྥོ་ལི་ཏོན་གྱི་ཝེ་ཨར་པའོ་ཧྥུའུ་སི་སྡེ་ཁུལ་འཕྲོད་བསྟེན་ལྟེ་གནས་སུ་གྲོང་སྡེ་བརྒྱར་བསྐྱོད་པའི་བརྗོད་དོན་ནད་བརྟག་བྱ་འགུལ་སྤེལ་ཏེ། བསྡོམས་པས་སྡོད་དམངས300ལྷག་ལ་ནད་བརྟག་བྱས།

སྨན་བཅོས་རུ་ཁག་གིས་ཁོང་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག བུད་མེད་ཚན་ཁག ཀྲུང་ལུགས་གསོ་རིག་ཚན་ཁག མིག་ནད་ཚན་ཁག རྣ་སྣ་མིད་པའི་ཚན་ཁག་བཅས་ཀྱི་རྐང་འཛིན་པ་རྩ་འཛུགས་བྱས་ཏེ་ཐེངས་འདིའི་བྱ་འགུལ་ལ་ཞུགས། རྙོག་འཛིང་ཆེ་བའི་ནད་བརྟག་རེ་འདོད་ལ་འཕྲད་སྐབས། ཚན་ཁག་སོ་སོས་གཞོགས་འདེགས་དམ་ཟབ་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོག་ནས་ནད་བརྟག་བྱས། ཀྲུང་ལུགས་གསོ་རིག་ནད་བརྟག་བྱེད་སར་སྐམ་ཁབ་དང་ཕུར་མཉེད་སོགས་ཀྱི་ལག་རྩལ་བཀོལ་དེ། ཟུག་གཟེར་ཅན་གྱི་ནད་རྟགས་ཡོད་པའི་སྡོད་དམངས་བཅུ་ཕྲག་འགའ་ལ་གསོ་བཅོས་བྱས་ནས་ན་ཟུག་འཇོམས་པར་བྱས།

ཝེ་ཨར་པའོ་ཧྥུའུ་སི་སྡེ་ཁུལ་འཕྲོད་བསྟེན་ལྟེ་གནས་ཀྱི་འགན་ཁུར་བ་ཁཱ་མཱ་ཨར་གྱིས་བཤད་རྒྱུར། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་འདོན་སྤྲོད་བྱས་པའི་རིན་མེད་ཀྱི་སྨན་བཅོས་ཞབས་ཞུ་ལས་སྡེ་ཁུལ་སྡོད་དམངས་ཀྱི་ནད་ལ་སྟོན་དཀའ་བའི་ གནད་དོན་ཐག་གཅོད་བྱས་པ་དང་། ས་དེའི་བདེ་ཐང་ཕན་བདེ་ལེགས་བཅོས་བྱེད་པའི་ཐད་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།