
ཨར་ཅི་རི་ཡཱའི་སྨྱན་བྱད་ཀྱིས་ཚེས10ཉིན་བསྒྲགས་པ་ལྟར་ན། ཨར་ཅི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་བསྟན་དོན། ཨར་ཅི་རི་ཡཱ་ཡིས་ཉིན་དེ་ནས་བཟུང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་ཕྱི་ཕྱོགས་འབྲེལ་བ་གཅོད་རྒྱུ་ཐག་བཅད་ཡོད་ཟེར། ཨར་ཅི་རི་ཡཱ་ཕྱོགས་ཀྱིས་དེའི་སྔོན་ནུས་པ་གང་ཡོད་བཏོན་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད།
ཨར་ཅི་རི་ཡཱའི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཨར་ཅི་རི་ཡཱའི་སྲིད་གཞུང་གིས་ཐེངས་མང་བོར་ཉེན་བརྡ་བཏང་ཡང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཨུ་ཚུགས་མཐར་བསྐྱེད་བྱས་པ་དང་། དེའི་བྱ་སྤྱོད་བདག་དབང་རྒྱལ་ཁབ་བར་གྱི་འབྲེལ་བས་དང་ལེན་ནམ་བཟོད་སྒོམ་ཐུབ་པའི་མ་མཐའི་ཚད་ཐིག་ལས་བརྒལ་ཡོད། དེ་བས་ནུས་པ་གང་ཡོད་བཏོན་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་སྲུང་སྐྱོབ་བྱས་པའི་རྗེས་སུ། ཨར་ཅི་རི་ཡཱའི་སྲིད་གཞུང་གིས་དེ་རིང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཐག་བཅད་པ་ཡིན།
བསྒྲགས་པ་ལྟར་ན། ཨར་ཅི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཨར་ཅི་རི་ཡཱ་རུ་སྡོད་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོར་ཆོད་དོན་དེའི་ཐད་ནས་བརྡ་བཏང་བར་མ་ཟད། དེས་དུས་ཚོད་ཞེ་བརྒྱད་ནང་ཆོད་དོན་དེ་བརྩི་སྲུང་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།