
ཡེ་མེན་གྱི་ཧུའུ་སེ་དྲག་ཆས་པས་ཚེས10ཉིན་བཤད་རྒྱུར། རྒྱལ་སྤྱིའི་གྲུ་གཟིངས་དག་མཚོ་དམར་མཚོ་ཁོངས་དང་མན་ཏི་མཚོ་འགག་བརྒྱུད་པར་འཇིགས་ཉེན་ཐེབས་མི་སྲིད་པ་དང་། སྔར་བཞིན་བདེ་འཇགས་ཡིན་ཟེར།
ཡེ་མེན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་ཨ་པུའུ་ཏུའུ་ལེ་སཱ་ལཱ་མུའུ་ཡིས་ཉིན་དེར་སྨྱན་བྱད་ལ་གསལ་སྒྲོག་སྤེལ་ཏེ། མཚོ་དམར་དང་མན་ཏི་མཚོ་འགག་གི་འགྲུལ་བཞུད་དང་རྒྱལ་སྤྱིའི་ཉོ་ཚོང་སྔར་བཞིན་བདེ་འཇགས་དང་རྒྱུན་ལྡན་མིན་པ་དང་། རྩ་འཛུགས་དེའི་འགུལ་སྐྱོད་ལས་རྒྱལ་སྤྱིའི་མཚོ་ཐོག་འགྲུལ་བཞུད་ལ་འཇིགས་ཉེན་ཐེབས་མི་སྲིད་ཟེར།
ཁོས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་མིག་སྔར་སྤེལ་བའི་དམག་དོན་འགུལ་སྐྱོད་ལ་ངེས་གཏན་གྱི་དམིགས་འབེན་ཡོད་པ་དང་། འགོག་སྲུང་རང་བཞིན་གྱི་འགུལ་སྐྱོད་ལ་གཏོགས་ཟེར། ཁོས་བསྟན་དོན། ཞི་བདེ་ནི་སྔར་བཞིན་ཧུའུ་སེ་དྲག་ཆས་པའི་འཐབ་ཇུས་གདམ་གསེས་ཡིན་པ་དང་། ཁྱིམ་མཚེས་མཛའ་མཐུན་དང་ཕན་ཚུན་བརྩི་འཇོག ཐུན་མོང་ཁེ་ཕན་བཅས་རྨང་གཞིར་བྱས་པའི་འབྲེལ་བ་འཛུགས་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།