དབྱི་སི་རལ་དང་མའོ་ལོ་ཁོ་ཡིས་ཕྱི་ཕྱོགས་འབྲེལ་བ་རིམ་སྤོར་བྱས་ཏེ་ཕན་ཚུན་ལ་གཞུང་ཚབ་ཆེན་མོ་མངག་པར་འཐད་པ་བྱུང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས16ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་མའོ་ལོ་ཁོ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་འཐུས་མིའི་ཁྲུའུ་དེ་གཞུང་ཚབ་ཁང་དུ་རིམ་སྤོར་བྱེད་པ་དང་ཕན་ཚུན་བར་གཞུང་ཚབ་པ་མངག་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་འཐད་པ་བྱུང་།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཨར་དང་མའོ་ལོ་ཁོའི་ཕྱི་འབྲེལ་བློན་ཆེན་པུའུ་ལི་ཏཱ་གཉིས་ཀྱིས་ཉིན་དེར་ཨ་མེ་རི་ཁའི་ཉིག་ཡའོ་ནས་ཨ་མེ་རི་ཁའི་དཔོན་རིགས་དང་མཉམ་དུ་ཕྱོགས་གསུམ་གྲོས་མོལ་སྤེལ་ཏེ་ཐུན་མོང་གི་ལྟ་ཚུལ་བྱུང་བ་རེད། ཕྱོགས་གཉིས་ཀྱིས་ད་རུང2026ལོའི་མཇུག་གི་སྔོན་ལ་དངུལ་གཏོང་སྲུང་སྐྱོབ་དང་སྒོ་ཁྲལ་ཡང་བསྐྱར་བསྡུ་བ་སྔོན་འགོག་བྱེད་པའི་གྲོས་གཞི་ཡོངས་འགྲུབ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཐད་གཏོང་གནམ་གྲུ་ཇེ་མང་དུ་གཏོང་བར་འཐད་པ་བྱུང་།

ཨ་མེ་རི་ཁའི་བར་འདུམ་འོག དབྱི་སི་རལ་དང་མའོ་ལོ་ཁོ་གཉིས་ཀྱིས2020ལོའི་ཟླ12པར་ཕྱི་ཕྱོགས་འབྲེལ་བ་འཛུགས་པར་འཐད་པ་བྱུང་། དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་འཐུས་མིའི་ཁྲུའུ་སླར་གསོ་སྒོ་འབྱེད་བྱས་པར་མ་ཟད། མཇུག་མཐར་འཐུས་མིའི་ཁྲུའུ་དེ་གཞུང་ཚབ་ཁང་དུ་རིམ་སྤོར་བྱེད་རྒྱུའི་བསམ་ཚུལ་བསྟན་མྱོང་།

བསོད་ནམས་ཚེ་རིང་གིས་བསྒྱུར།