
ཨེ་ཙེ་ཨོ་ཕུ་ཡཱའི་ཙུང་ལིའི་བློ་འདོན་པ་ལི་ཏཱ་ཡིས་ཚེས23ཉིན་བཤད་རྒྱུར། ཨེ་ཙེ་ཨོ་ཕུ་ཡཱའི་སྲིད་གཞུང་དམག་དཔུང་དང་ཐིས་ཀི་ལོས་མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་ཞེས་པའི་དྲག་ཆས་པའི་བར་ཚེས23ཉིན་གྱི་ཞོགས་པར་བྱང་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་བྱུང་།
ལི་ཏཱ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཐིས་ཀི་ལོས་མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་ཞེས་པའི་དྲག་ཆས་པས་ཉིན་དེའི་ཞོགས་པར་ཨ་ཧྥ་ཨར་མངའ་སྡེ་དང་ཨ་མུའུ་ཧཱ་ལཱ་མངའ་སྡེའི་སྲིད་གཞུང་དམག་དཔུང་གི་རྟེན་གཞིར་ཕྱོགས་ཡོངས་ནས་ཚུར་རྒོལ་བྱས་པར་མ་ཟད། ཐིས་ཀི་ལོས་ས་ཁུལ་གྱི་དེའི་སྔོན་སྲིད་གཞུང་གིས་ཚོད་འཛིན་བྱས་པའི་གནམ་གྲུ་ཐང་བདག་ཏུ་བཟུང་ཟེར།
ཨེ་ཙེ་ཨོ་ཕུ་ཡཱའི་མཁའ་འགྲུལ་ཀུང་ཟི་ཡིས་ཚེས23ཉིན་གྱི་སྔ་དྲོར་བདེན་དཔང་བྱས་དོན། མིག་སྔའི་གནས་བབ་ཀྱི་ཤུགས་རྐྱེན་ལས་ཀུང་ཟི་དེས་ཐིས་ཀི་ལོས་ས་ཁུལ་གྱི་གནམ་གྲུ་གཏོང་མཚམས་བཞག་ཡོད་ཟེར།
ཨེ་ཙེ་ཨོ་ཕུ་ཡཱའི་ངོ་རྒོལ་ཕྱོགས་ཁག་དང་དྲག་ཆས་ཚོགས་པ་བདུན་གྱིས་ཚེས20ཉིན་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་གསར་དུ་བཙུགས་པ་ཁྱབ་བསྒྲགས་བྱས། དེའི་ནང་ཐིས་ཀི་ལོས་མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་འདུས། 2020ལོའི་ཟླ11པ་ནས་བཟུང་། ཐིས་ཀི་ལོས་མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་ཞེས་པའི་དྲག་ཆས་པ་དང་ཨེ་ཙེ་ཨོ་ཕུ་ཡཱའི་སྲིད་གཞུང་དམག་དཔུང་བར་དྲག་ཆས་འཁྲུག་རྩོད་རྒྱུན་ཆད་མེད་པར་བྱུང་ནས་ད་ལྟའི་བར་ལོ་གཉིས་འགོར་ཡོད། 2022ལོའི་ཟླ11པར། ཕྱོགས་གཉིས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་རྒྱལ་ས་པུས་ལེ་ཐའོ་ལེ་ཡཱ་ནས་ཞི་བདེའི་གྲོས་མཐུན་བཀོད།
བསོད་ནམས་ཚེ་རིང་གིས་བསྒྱུར།