ཐུར་ཁེའི་ཉེན་སྲུང་གྲུ་གཟིངས་ཀྱིས་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་གྲུ་ཁར་འཚམས་འདྲི་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེ་ཡི་ཁའེ་མའོ་ཨར་ལོས་སི་རྟགས་ཅན་གྱི་ཉེན་སྲུང་གྲུ་གཟིངས་ཀྱིས་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་གྲུ་ཁར་འཚམས་འདྲི་བྱས་ཟེར།

གསལ་སྒྲོག་ལྟར་ན། ཐེངས་འདིའི་འཚམས་འདྲི་ཚེས20ཉིན་མགོ་བརྩམས་ཏེ་ཚེས24ཉིན་བར་རྒྱུན་བསྲིངས་པ་རེད།

སོ་ཏི་ཨ་རབ་དང་ཐུར་ཁེ། ཕཱ་ཁི་སི་ཐན་བཅས་ཀྱིས་ཟླ8པར་སོ་ཏི་ཨ་རབ་ཀྱི་མེད་ཅཱ་གྲོང་ཁྱེར་ནས་མེད་ཅཱ་ཐུན་མོང་འགོག་སྲུང་གྲོས་མཐུན་བཀོད། གྲོས་མཐུན་ལས་རྒྱལ་ཁབ་གསུམ་གྱི་གང་རུང་ལ་དྲག་ཆས་དཔུང་འཇུག་ཐེབས་ན་རྒྱལ་ཁབ་གསུམ་པོར་དཔུང་འཇུག་བྱས་པ་ལྟ་བུའི་འདུ་ཤེས་འཛིན་རྒྱུ་གཏན་འཁེལ་བྱས་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།