ཨུ་རུ་སུས་ཧང་ག་རི་ཡིས་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་མཐར་སྐྲོད་གཏོང་བར་རྒོལ་གཏམ་དྲག་པོ་བཏང་།
ཁུངས། ཀློག་གྲངས།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཚེས1ཉིན།   ཨུ་རུ་སུར་སྡོད་པའི་ཧང་ག་རིའི་གཞུང་ཚབ་ཁང་ཆེན་མོའི་གནས་སྐབས་ལས་ཚབ་ལ་ཐུག་འཕྲད་བྱས་ཏེ། ཧང་ག་རི་ཡིས་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་རྒྱལ་ཁོངས་ནས་ཁ་འབྲལ་རྒྱུའི་བླང་བྱ་བཏོན་པར་རྒོལ་གཏམ་དྲག་པོ་བཏང་། ཨ་ལན་སློག་ཆེད་ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུར་སྡོད་པའི་ཧང་ག་རིའི་གཞུང་ཚབ་ཁང་ཆེན་མོ་དང་། དེ་བཞིན་ཧྲིན་པེ་ཏི་པའོ་དང་ཁ་ཧྲན་དུ་སྡོད་པའི་གཞུང་ཚབ་ཁང་གི་ལས་སྒྲུབ་མི་སྣ་ཁག་ཅིག་གཟའ་འཁོར་གཉིས་ནང་ངེས་པར་དུ་ཁ་འབྲལ་དགོས་པའི་བླང་བྱ་བཏོན། ཟླ9པར་ཧང་ག་རི་ཡིས་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ10ཕྱིར་སྐྲོད་བཏང་སྟེ། ཁོ་ཚོས《ཝེ་ཡེ་ན་ཕྱི་འབྲེལ་འབྲེལ་བའི་སྤྱི་ཆིངས》དང་རྒྱབ་འགལ་བྱས་པར་བསྟན། ཧང་ག་རི་དང་ཨུ་རུ་སུ་གཉིས་ཀྱིས་ཕན་ཚུན་གྱི་ཕྱི་འབྲེལ་མི་སྣ་མཐར་སྐྲོད་བཏང་རྗེས། ཧང་ག་རིའི་ཕྱི་འབྲེལ་པུའུ་ཡིས་ཚེས1ཉིན་སྤེལ་བའི་གསལ་བསྒྲགས་ལས། ཧང་ག་རི་ལ་ཕྱི་འབྲེལ་གནས་བབ་ཛ་དྲག་གཏོང་བའི་བསམ་ཚུལ་མེད་པ་བསྟན།