
ཨ་རིའི་སྨྱན་སྦྱོར་གྱིས་ཚེས1ཉིན་ཨ་རིའི་དཔོན་མིའི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨ་རིས་དབུས་ཤར་ས་ཁུལ་དུ་མ་གྲུ་རྡུང་རྡེག་ཚོགས་པ་ཐེངས་གསུམ་པ་མངགས་གཏོང་བྱེད་བཞིན་ཡོད་པ་མ་ཟད། ས་ཁུལ་དེར་དམག་མི་ཆིག་ཁྲི་ཙམ་བསྣན། གནས་ཚུལ་སྤེལ་དོན། “ལའོ་སི་ཧྥུའུ”རྟགས་ཅན་གྱི་མ་གྲུ་ཟླ9པའི་ཚེས27ཉིན་ཁ་ལི་ཧྥུའུ་ཉི་ཡ་མངའ་སྡེ་དང་བྲལ་ནས། འཆར་གཞི་ལྟར་ལས་འགན་བཀོད་སྒྲིག་ལག་བསྟར་བྱས། ཨ་རིས་ད་ལྟ་མ་གྲུ་གཉིས་དབུས་ཤར་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད། ཨ་རིའི་དཔོན་མིས་བསྟན་དོན། དམག་གྲུ་དང་འཐབ་འཛིང་གནམ་གྲུ། མཚོ་དམག་སྐམ་འཐབ་རུ་མི་བཅས་ཟླ11པའི་ཟླ་མཇུག་ཏུ་དབུས་ཤར་ས་ཁུལ་དུ་འབྱོར་རྒྱུ་ཡིན་པ་བསྟན།