སོ་ཏི་དང་ཐུར་ཁེ། ཕ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱིས་ཧུའུ་སའེ་དྲག་ཆས་ཆབ་སྲིད་དང་འབྲེལ་འདྲིས་བྱེད་པར་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཕ་ཁི་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཏ་ཨར་གྱིས་ཚེས2ཉིན། ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པོ་རུ་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་བསྟན་དོན། “མའེ་ཅ་འགོག་སྲུང་མནའ་འབྲེལ”གྱི་འཐབ་ཇུས་ཆབ་སྲིད་དང་འགོག་སྲུང་ཨུ་ཡོན་ལྷན་ཁང་གིས་གཟའ་འཁོར་རྗེས་མར་སོ་ཏིའི་རྒྱལ་ས་ལི་ཡ་ཏི་རུ་བྲེལ་མྱུར་གྲོས་ཚོགས་བསྡུ་རྒྱུ་ཡིན། སོ་ཏི་དང་ཐུར་ཁེ། ཕ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱིས་ཡེ་མེན་ཧུའུ་སའེ་དྲག་ཆས་དང་ཆབ་སྲིད་འབྲེལ་འདྲིས་ཐད་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཏ་ཨར་གྱིས་བསྟན་དོན། གྲོས་གཞི་འདི་དབྱི་ལང་ཕྱོགས་ནས་བཏོན་པ་དང་། དབྱི་ལང་ཕྱོགས་ཀྱིས་དོན་དག་འདི་མྱུར་དུ་ཐག་གཅོད་བྱེད་པའི་རེ་བ་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། གྲོས་འགོ་འདི་ཡིག་ཐོག་གི་ཡིག་ཆར་དངོས་སུ་གྲུབ་མེད་པ་དང་། འདི་ནི་ཁོ་དང་དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀི་ཆི་བར་གྱི་ངག་ཐོག་གི་ཁ་ཆད་ཙམ་ཡིན། ཁོས་ད་དུང་བསྟན་དོན། དབྱི་ལང་ཕྱོགས་ལ“མའེ་ཅ་ཐུན་མོང་འགོག་སྲུང་གྲོས་ཡིག”གི་ནང་དོན་དང་དེ་བཞིན་ཕ་ཁི་སི་ཐན་ཕྱོགས་ཀྱིས་གྲོས་ཡིག་འདི་ཇི་ལྟར་ལག་བསྟར་བྱ་རྒྱུའི་བརྡ་ཁྱབ་བཏང་ཡོད་ཟེར།

ཏ་ཨར་གྱིས་ཉུང་མཐར་ཡང་རྒྱལ་ཁབ6《མའེ་ཅ་ཐུན་མོང་འགོག་སྲུང་གྲོས་ཡིག》ནང་ཞུགས་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར་ལ་ཁོས་དེ་དག་གི་མིང་བཤད་མེད། ཁོས་ད་དུང་ཁ་གསབ་བྱས་ནས་བཤད་རྒྱུར། གྲོས་ཡིག་ཕྱོགས་ཡོངས་ནས་འཁོར་སྐྱོད་མ་བྱས་པའི་སྔོན་ལ། ཁོངས་ཞུགས་རྒྱལ་ཁབ་གསར་བ་ཞུགས་པར་དང་ལེན་མི་བྱེད་ཟེར།

སོ་ཏི་དང་ཐུར་ཁེ། ཕ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱིས་ཟླ8པའི་ཚེས7ཉིན《མའེ་ཅ་ཐུན་མོང་འགོག་སྲུང་གྲོས་ཡིག》ལ་མིང་རྟགས་བཀོད། གྲོས་ཡིག་ནང་རྒྱལ་ཁབ་གསུམ་པོའི་ནང་གི་རྒྱལ་ཁབ་གང་རུང་ཞིག་ལ་དྲག་པོའི་ཚུར་རྒོལ་བྱས་པ་དེ་རྒྱལ་ཁབ་གསུམ་པོའི་ཁྱོན་ཡོངས་ལ་ཚུར་རྒོལ་བྱས་པར་བརྩི་རྒྱུའི་གཏན་འབེབས་བྱས་ཡོད། ཟླ9པའི་ཚེས25ཉིན། རྒྱལ་ཁབ་གསུམ་གྱི་དམག་ཕྱོགས་ཀྱི་འགོ་ཁྲིད་པས་ལི་ཡ་ཏི་རུ་ཐུག་འཕྲད་བྱས་པ་དང་། ཧུའུ་སའེ་དྲག་ཆས་ཀྱིས་སོ་ཏི་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཤ་བོ་རིན་མཚོས་བསྒྱུར།