
ཧྲིན་ཏོ་མུན་ཀི་ཡི་གནས་ཚུལ་ལས། ཏོ་སྨི་ནི་ཁ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས2ཉིན་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ལྟར་ན། ཏོ་སྨི་ནི་ཁའི་ཕྱི་འབྲེལ་པུའུ་ཀྲང་པིས་སོ་ནོ་ཡིས་ནི་ཁ་ར་ཀྭར་སྡོད་པའི་ཏོ་སྨི་ནི་ཁའི་གཞུང་ཚབ་ཚོགས་པ་ཕྱིར་འཐེན་བྱ་རྒྱུ་ཐག་བཅད་པ་ཁྱབ་བསྒྲགས་བྱས།
སྤྱི་བསྒྲགས་ལས་བཤད་རྒྱུར། པིས་སོ་ནོ་ཡིས་ཉིན་དེར་ཨ་རིའི་རྒྱལ་ས་ཝ་ཧྲིན་ཐོན་དུ་སྤེལ་བའི་མེ་གླིང་རྒྱལ་ཁབ་ཀྱིས་རྩ་འཛུགས་བྱས་པའི་ཕྱི་འབྲེལ་པུའུ་ཀྲང་གི་གྲོས་ཚོགས་ཐེངས31པའི་སྟེང་ཐག་གཅོད་འདི་ཁྱབ་བསྒྲགས་བྱས།
ཏོ་སྨི་ནི་ཁ་དང་ནི་ཁ་ར་ཀྭ་བར་གྱི་འབྲེལ་བ་ད་ལོའི་ཟླ7པའི་ཚུན་དུ་ཛ་དྲག་ཏུ་གྱུར། ཏོ་སྨི་ནི་ཁའི་ཕྱི་འབྲེལ་པུའུ་ཡིས་ཟླ9པའི་ཚེས9ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ནི་ཁ་ར་ཀྭ་སྲིད་གཞུང་གིས་དེ་རུ་སྡོད་པའི་གཞུང་ཚབ་ཁང་མང་པོའི་སྒོ་རྒྱག་རྒྱུའི་ཐག་གཅོད་དེར་དོ་སྣང་བྱས་ཡོད་པས། ཏོ་སྨི་ནི་ཁས་ཟླ7པའི་ཚེས23ཉིན། ནི་ཁ་ར་ཀྭར་སྡོད་པའི་གཞུང་ཚབ་པ་ཕྱིར་བོས་པ་དང་། དེའི་རྗེས་སུ་གཞུང་ཚབ་ཁང་གནས་སྐབས་ཚབ་སྒྲུབ་རིམ་པར་སྲུང་འཛིན་བྱས་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།