རྒྱ་གར་མཐའ་སྲུང་མི་སྣས་མཐའ་མཚམས་ས་ཁུལ་དུ་ཕ་ཁི་སི་ཐན་གྱི་མང་ཚོགས་གཉིས་བསད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཕ་ཁི་སི་ཐན་བདེ་འཇགས་སྡེ་ཁག་གི་ཆ་འཕྲིན་མི་སྣས་ཚེས2ཉིན་བཤད་རྒྱུར།   རྒྱ་གར་གྱི་མཐའ་སྲུང་མི་སྣས་ཉིན་དེར་ཕ་ཁི་སི་ཐན་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་ཁཱ་སུའུ་ཨར་ས་ཁུལ་གྱི་རྒྱ་གར་དང་ཕ་ཁི་སི་ཐན་མཐའ་མཚམས་ཉེ་འཁོར་དུ་ཕ་ཁི་སི་ཐན་གྱི་མང་ཚོགས་གཉིས་ལ་མེ་མདས་བརྒྱབ་ནས་བསད་ཟེར།

གནས་ཚུལ་ཤེས་མཁན་དེས་བཤད་རྒྱུར།  སྡེ་མི་གསུམ་མཐའ་མཚམས་ཀྱི་ས་མཚམས་བརྒལ་མ་ཐག  རྒྱ་གར་གྱི་མཐའ་སྲུང་མི་སྣས་སྔོན་བརྡ་ཅི་ཡང་མ་བཏང་བར་ཁོ་ཚོར་མེ་མདས་བརྒྱབ་སྟེ་མི་གཉིས་བསད་པ་དང་མི་གཅིག་ལ་རྨས་ཕོག སྡེ་མི་དེ་གསུམ་གྱི་ལག་ཏུ་མཚོན་ཆ་ཅི་ཡང་བཟུང་མེད་ཟེར།

གནས་ཚུལ་ཤེས་མཁན་དེས་བསྟན་དོན། རྒྱ་གར་གྱི་བྱེད་ཐབས་དེ་རྒྱ་གར་དང་ཕ་ཁི་སི་ཐན་གྱི་མཐའ་མཚམས་དང་འབྲེལ་བའི་གྲོས་ཡིག་དང་ཚད་ལྡན་ལས་སྒྲུབ་གོ་རིམ་དང་འགལ་ཡོད།   རྒྱ་གར་སྨྱན་སྦྱོར་གྱིས་དོན་དངོས་རྫུན་བཟོ་བྱས་ནས། ཕ་ཁི་སི་ཐན་ཕྱོགས་ཀྱི་མང་ཚོགས་དེ་དག་ལ“སིམ་འཛུལ་མཁན”ཞེས་པའི་མ་ཉེས་ཁ་གཡོགས་བྱས་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།