ནེ་ཀྲི་རི་ཡའི་ཤར་བྱང་ཕྱོགས་སུ་འཇབ་རྒོལ་ཐེབས་ཏེ་མི15རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ནེ་ཀྲི་རི་ཡའི་ཤར་བྱང་ཕྱོགས་ཀྱི་པོ་ཨར་ནོ་མངའ་སྡེའི་སྲིད་གཞུང་གིས་ཚེས2ཉིན་བཤད་རྒྱུར།  མངའ་སྡེ་དེའི་མ་འར་ཐའེ་ས་གནས་སྲིད་གཞུང་ཁུལ་དུ་ཉིན་འགའི་སྔོན་ལ་བེམ་པོ15རྙེད་པ་དང་།  “པོ་ཁུ་གནས་མཆོག”ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་འཇབ་རྒོལ་བྱས་པ་ལས་རྐྱེན་ལམ་དུ་ཤོར་བར་འདོད་བཞིན་ཡོད།

པོ་ཨར་ནོ་མངའ་སྡེ་སྲིད་གཞུང་གི་མགྲིན་ཚབ་པས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཟླ9པའི་ཚེས30ཉིན་བྱུང་བ་དང་།   རྐྱེན་ལམ་དུ་ཤོར་མཁན་ཚང་མ་ས་གནས་དེའི་ཞིང་བ་རེད། ཞིང་བ་འདི་དག་གིས་ནགས་ཚལ་དུ་བུད་ཤིང་འཐུ་སྐབས།  “པོ་ཁུ་གནས་མཆོག”ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་པར་འདོད།

ནེ་ཀྲི་རི་ཡའི་སུན་འབྱིན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་བྱུང་བའི་ཉིན་དེར་ཞིང་བ18ཞིང་རར་ལས་ཀ་སྒྲུབ་ཏུ་སོང་བ་དང་།   མིག་སྔར་སྔར་བཞིན་མི3གར་སོང་ཆ་མེད་དུ་གྱུར་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།