འཇར་མན་གྱི་ཙུང་ལི་ཝུའུ་ཁི་ལན་དུ་འཚམས་འདྲིར་ཕེབས་ནས་དམག་དོན་རོགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བསྟན་པ་དང་། ཨུ་རུ་སུ་ཡིས་ཅི་ཧྥུའུ་ལ་ཕར་རྒོལ་བྱེད་ཤུགས་ཇེ་ཆེར་གཏང་རྒྱུ་ཡིན་ཞེས་བསྟན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

འཇར་མན་གྱི་ཙུང་ལི་མོ་ཚི་ཚེས4ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་ཕེབས་ནས་འཚམས་འདྲི་བྱས་པ་དང་། ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་གཅིག་ཁ་སྣོན་བྱས་ནས་དམག་དོན་རོགས་སྐྱོར་བྱ་རྒྱུ་ཁས་བླངས།  ཉིན་དེར་ཅི་ཧྥུའུ་ལ་འབར་གས་བྱུང་བ་དང་། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཨུ་རུ་སུའི་དམག་དཔུང་གི་མི་མེད་གནམ་གྲུས་ཉིན་དེར་ཅི་ཧྥུའུ་གྲོང་ཁྱེར་གྱི་ཏི་ཉེ་པོ་གཙང་པོ་འཕྲེད་བརྒལ་གྱི་བྱང་ཟམ་ལ་ཕར་རྒོལ་བྱས་པ་དང་།  ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ད་དུང་། ཅི་ཧྥུའུ་དང་ས་ཁུལ་གཞན་དག་གི་དམག་དོན་དམིགས་འབེན་ལ་རྡུང་རྡེག་གཏོང་རྒྱུར་ཤུགས་བསྣན་ནས་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས“ཨུ་རུ་སུའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭར་རྡུང་རྡེག་གཏོང་རྒྱུར་ཤུགས་སྣོན་རྒྱུའི”སྐོར་གྱི་གསལ་བསྒྲགས་ལ་ལན་སློག