ཡེ་མེན་སྲིད་གཞུང་དམག་གིས་ཧུའུ་སའེ་དྲག་ཆས་ལ་གཞི་ཁྱོན་ཆེ་བའི་དམག་དོན་འགུལ་སྤྱོད་སྤེལ་རྒྱུ་དང་། ཡེ་མེན་སྨྱན་སྦྱོར་གྱིས་སྲིད་གཞུང་དམག་གིས་མན་ཏེ་མཚོ་འགག་ཚོད་འཛིན་བྱས་ཡོད་པར་བསྟན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།
ཡེ་མེན་སྲིད་གཞུང་ཕྱོགས་ཀྱིས་ཚེས4ཉིན་ཧུའུ་སའེ་དྲག་ཆས་ལ་གཞི་ཁྱོན་ཆེ་བའི་དམག་དོན་འགུལ་སྤྱོད་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། ཡེ་མེན་སྲིད་གཞུང་དམག་གིས་ཚེས་ལྔ་ཉིན། དམག་དོན་འགུལ་སྐྱོད་དེ་ཚེས་ལྔ་ཉིན་གྱི་དགོང་མོའི་ཐོ་རེངས་སུ་དངོས་སུ་སྤེལ་འགོ་ཚུགས་པ་དང་།  དེའི་ཚབ་མིང་ལ་ཡེ་མེན་སྐྱ་རེངས་ཞེས་ཁྱབ་བསྒྲགས་བྱས་འདུག    ཡེ་མེན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་གཞུང་དམག་གིས་ལྷོ་ནུབ་ཕྱོགས་ཀྱི་ཐ་དབྱི་ཚི་ཞིང་ཆེན་གྱི་ཙུའུ་པ་པུའུ་ས་ཁུལ་དུ་ས་ཁོངས་མང་པོ་ཚོད་འཛིན་བྱས་པར་མ་ཟད། རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་གྱི་འགག་མདོ་མན་ཏི་མཚོ་འགག་ཚོད་འཛིན་བྱས། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་འགོ་ཁྲིད་བྱེད་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ཚེས་ལྔ་ཉིན་བསྟན་དོན། དམག་འཐབ་གནམ་གྲུ100“ཡེ་མེན་སྐྱ་རེངས”ཀྱི་འགུལ་སྐྱོད་ནང་ཞུགས་ནས། དམིགས་འབེན300ལྷག་མེད་པར་བཟོས།  མིག་སྔར་མཉམ་འབྲེལ་དམག་གིས་ཉིན་གང་བོར་ཡེ་མེན་སྲིད་གཞུང་དམག་གི་ས་ངོས་འགུལ་སྐྱོད་ལ་བར་སྣང་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། དུས་མཚུངས་སུ་མན་ཏི་མཚོ་འགག་ལ་བར་སྣང་ནས་སྲུང་སྐྱོབ་བྱེད་བཞིན་འདུག
ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་ད་དུང་མན་ཏེ་མཚོ་འགག་གི་ཚོད་འཛིན་དབང་ཆ་འཕྲོག་རེས་བྱེད་བཞིན་ཡོད། ཧུའུ་སའེ་དྲག་ཆས་ཀྱི་གནས་ཚུལ་མི་སྣས་སྲིད་གཞུང་དམག་གིས་ཙུའུ་པ་ཕུའུ་ས་ཁུལ་དུ་ས་ཁོངས་མང་པོ་ཚོད་འཛིན་བྱས་པ་དེ་ཁས་ལེན་མ་བྱས་ཤིང་། མན་ཏི་མཚོ་འགག་གི་ཚོད་འཛིན་དབང་ཆ་འཕྲོག་རེས་བྱེད་པའི་འཐབ་འཛིང་ད་དུང་མུ་མཐུད་དུ་བྱེད་བཞིན་ཡོད་པར་བསྟན།

དེ་སྔོན་གནས་ཚུལ་མི་སྣས་ཧུའུ་སའེ་དྲག་ཆས་ཀྱིས་ཚེས་བཞི་ཉིན་ཐ་དབྱི་ཚི་ཞིང་ཆེན་དུ་ས་ཁོངས་གལ་ཆེན་མང་པོ་ཚོད་འཛིན་བྱས་པར་མ་ཟད། ཐ་དབྱི་ཙི་དང་ཡ་ཏིང་གི་འགྲིམ་འགྲུལ་བགྲོད་ལམ་གཙོ་བོ་བཅད་པར་བསྟན།