
ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་རེས་སྐོར་གསར་པའི་དམག་འཁྲུག་བྱུང་ནས་ལོ་གསུམ་འཁོར་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གུའུ་ཐི་ལེ་སི་ཡིས་ཚེས་ལྔ་ཉིན་གཏམ་བཤད་སྤེལ་ཏེ། ཅ་ཧྲ་ས་ཁུལ་དུ་ཡུན་གཏན་དམག་མཚམས་འཇོག་པའི་འབོད་སྐུལ་བཏང་།
གུའུ་ཐི་ལེ་སིའི་གཏམ་བཤད་ཁྲོད། 2023ལོའི་ཟླ10པའི་ཚེས7ཉིན། པ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)དང་པ་ལི་སི་ཐན་དྲག་ཆས་ཚོགས་ཁག་གཞན་དག་གིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པ་དང་། དེ་དང་བསྟུན་ནས་དབྱི་སི་རལ་གྱིས་ཅ་ཧྲ་རུ་དམག་དོན་བྱ་སྤྱོད་སྤེལ་ཏེ། ཅ་ཧྲ་ས་ཁུལ་གྱི་པ་ལི་སི་ཐན་མི་དམངས་ལ་གོད་ཆག་ཆེན་པོ་བཟོས་ཡོད། ན་ནིང་གི་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གྱིས་གནས་བབ་ཅུང་ཟད་ཞི་ལྷོད་དུ་བཏང་ཡང་། ད་དུང་བདེ་འཇགས་དང་མི་ཆོས་རོགས་སྐྱོར་འདང་ངེས་ཤིག་ཐོབ་མེད་པར་མ་ཟད། བསྐྱར་གསོ་དང་ཞི་བདེ་ཕྱོགས་སུ་བསྐྱོད་པའི་ཡིད་རྟོན་ཆོག་པའི་བགྲོད་ལམ་ཞིག་རྙེད་མེད་ཟེར།
གུའུ་ཐི་ལེ་སི་ཡིས་ཕྱོགས་སོ་སོས་དམག་འཁྲུག་མཚམས་འཇོག་གི་ཁས་ལེན་ལག་བསྟར་བྱས་ཏེ་དུས་རིམ་རྗེས་མར་སླེབས་པར་སྐུལ་མ་བཏང་བ་དང་། ཁོས་ངེས་པར་དུ་ས་ཁུལ་ཧྲིལ་པོ་ཡུན་རིང་ཞི་བདེ་ཡིང་བའི་ཆབ་སྲིད་ཀྱི་ཐབས་ལམ་འཛུགས་དགོས་ཞེས་ནན་གྱིས་བཤད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།