
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས8ཉིན་སྨྱན་བྱད་ལ་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱི་གྲོས་མོལ་འཐུས་ཚབ་ཚོགས་པས་ཚེས9ཉིན་ཨ་མེ་རི་ཁ་ནས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་ཁུའུ་ཧྲི་ནཱ་གཉིས་དང་མཉམ་དུ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པར་སྲིད་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་པུའུ་ཏཱ་ནོའུ་ཧྥུའུ་དང་། སྲིད་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་དང་པོ་ཅི་སི་ལེ་ཁྲ། མི་དམངས་སྤྱི་ཞབས་ཏང་གྲོས་ཁང་ཏང་ཚོགས་ཀྱི་ཀྲུའུ་ཞི་ཨ་ལཱ་ཧཱ་མུས་ཡཱ། ཕྱི་ཕྱོགས་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་ཝུའུ་མཱེ་ལོ་ཧྥུའུ་བཅས་འདུས་ཡོད་ལ། ཚོད་དཔག་བྱས་ན་གྲོས་མོལ་དེ་ཉིན་གཉིས་ལ་སྤེལ་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཡོ་རོབ་གླིང་གི་གྲོས་མོལ་འཐུས་ཚབ་ཚོགས་པ་ཐེངས་འདིའི་གྲོས་མོལ་ལ་ཞུགས་པར་རེ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།