སོ་ཏི་ཨ་རབ་གཙོ་བྱས་པའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་དམག་དོན་དམིགས་འབེན136ལ་གཏོར་བཤིག་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2

སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་མཱ་ལེ་ཅི་ཡིས་ཚེས9ཉིན་གྱི་དགོང་མོར་བཤད་རྒྱུར། མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་དམག་དཔུང་གིས་ཚོད་འཛིན་བྱེད་པའི་ས་ཁོངས་ཀྱི་དམག་དོན་དམིགས་འབེན136ལ་གཏོར་བཤིག་བཏང་ཡོད་ཟེར།

མཱ་ལེ་ཅི་ཡིས་བཤད་རྒྱུར། མཉམ་འབྲེལ་དམག་དཔུང་གིས་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཧུའུ་སེ་དྲག་ཆས་མི་སྣ་དང་དེའི་དམག་དོན་སྟོབས་ཤུགས་ལ་ཆམ་ཕབ་གཏོང་བཞིན་ཡོད་ཟེར།

ཁོས་ད་རུང་བསྟན་དོན། མཉམ་འབྲེལ་དམག་དཔུང་གིས་ཕྱོགས་གང་ཅིའི་ཐད་ནས་ཡེ་མིན་སྲིད་གཞུང་དམག་དཔུང་ལ་བར་སྣང་རོགས་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།

​