
ཕཱ་ནཱ་མཱ་སློབ་ཆེན་སའི་གོ་ལའི་ཚན་རིག་ཞིབ་འཇུག་ཁང་གིས་ཚད་འཇལ་བྱས་པ་ལྟར་ན། ཚེས9ཉིན་གྱི་ཉིན་གུང་ས་ཡོམ་དྲག་པོ་བྱུང་རྗེས། ཕཱ་ནཱ་མཱ་རུ་ཉིན་དེའི་ཕྱི་དྲོར་ཡང་བསྐྱར་ཚད་རིམ6.9ཡི་ས་ཡོམ་བྱུང་ཡོད་ཟེར།
ཐེངས་འདིའི་ཚད་རིམ6.9ཡི་ས་ཡོམ་དེ་ཚེས9ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ཉེར་ལྔའི་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་དེ་ཕཱ་ནཱ་མཱའི་ལྷོ་ནུབ་ཕྱོགས་དང་ཁི་དབྱེ་ཝ་གླིང་ཕྲན་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ25ཡི་མཚམས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་ལྔ་ཡོད།
གཞན་ཡང་ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུས་ས་ཡོམ་ཆ་འཕྲིན་དྲ་རྒྱས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་རིམ་པ་ནི6.6རེད།
ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུས་ཀྱིས་བསྒྲགས་པ་ལྟར་ན། ཕཱ་ནཱ་མཱའི་ཕིས་ཐཱ་ལོ་སཱ་གོང་ས་ཁུལ་ཉེ་འདབས་སུ་ཚེས9ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་དང་སྐར་མ་ང་དྲུག་སྟེང་ཚད་རིམ་བདུན་དང་གྲངས་ཆུང་དྲུག་གི་ས་ཡོམ་བྱུང་། ཕཱ་ནཱ་མཱ་སློབ་ཆེན་གྱི་སའི་གོ་ལའི་ཚན་རིག་ཞིབ་འཇུག་ཁང་གིས་ཐེངས་འདིའི་ས་ཡོམ་གྱི་ཚད་རིམ7.2ལ་གཏན་འཁེལ་བྱས་ཡོད། ཕཱ་ནཱ་མཱའི་རྒྱལ་ས་ཕཱ་ནཱ་མཱ་མཁར་དུ་ས་ཡོམ་གྱི་ཚོར་སྣང་དྲག་པོ་ཡོད་པ་རེད།
ས་ཡོམ་དྲག་པོ་བྱུང་རྗེས། ཕཱ་ནཱ་མཱ་རུ་ཚད་རིམ་ལྔའི་ཡན་གྱི་ས་ཡོམ་ཐེངས་མང་བོ་བྱུང་བ་ཐོ་འགོད་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།