ཙེ་ལིན་སི་ཅི་ཡིས་གནས་བབ་ཞི་འཇགས་སུ་གཏོང་བར་ཝུའུ་ཁི་ལན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ནུས་ཁུངས་སྒྲིག་ཆས་ལ་ཆམ་ཕབ་གཏོང་མཚམས་འཇོག་དགོས་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས11ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། གལ་ཏེ་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་ནུས་ཁུངས་སྒྲིག་ཆས་ལ་ཆམ་ཕབ་གཏོང་མཚམས་བཞག་ན། ཝུའུ་ཁི་ལན་གྱིས་ཀྱང་ཨུ་རུ་སིའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭར་འཇབ་རྒོལ་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར།

ཁོས་བསྟན་དོན། གནས་བབ་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་གང་ཡིན་ཡང་ཕྱོགས་གཉི་གར་འབྲེལ་བ་ཡོད་པར་མ་ཟད། ཟོལ་མེད་ཀྱིས་འགན་སྲུང་བྱེད་དགོས་ཟེར།

ཙེ་ལིན་སི་ཅི་ཡིས་ད་རུང་བསྟན་དོན། ཁོས་མུ་མཐུད་དུ་ཡོ་རོབ་གླིང་གི་འགོ་ཁྲིད་པའི་བར་མཐུན་སྦྱོར་བྱས་ཏེ། ཝུའུ་ཁི་ལན་གྱི་དམག་དཔུང་གི་མཁའ་སྲུང་མ་ལག་དང་མདེལ་གྱི་གསོག་ཉར་ཁ་གསབ་བྱེད་རྒྱུ་ཡིན་ལ། ཝུའུ་ཁི་ལན་གྱི་མི་དམངས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།

​