མའོ་ཚི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀག་འཇོག་བྱས་པའི་ཨུ་རུ་སིའི་རྒྱུ་ནོར་ཨ་མེ་རི་ཁར་ཚོད་འཛིན་བྱེད་དུ་སྤྲོད་པར་ངོ་རྒོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་ཚེས15ཉིན་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་མངའ་ཁོངས་སུ་བཀག་འཇོག་བྱས་པའི་ཨུ་རུ་སིའི་བདག་དབང་རྒྱུ་ནོར་དེ་ཨ་མེ་རི་ཁར་བརྒྱུད་སྤྲོད་བྱེད་པར་ངོ་རྒོལ་བྱེད་པར་མ་ཟད། གནད་དོན་དེ་ཡོ་རོབ་གླིང་ནང་ཁུལ་གྱི་ལས་དོན་དུ་གཏོགས་པ་ནན་བཤད་བྱས།

ཚོགས་ཡུན་ཉིན་གཉིས་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་རྩ་ཚོགས་དེ་ཚེས15ཉིན་པུའུ་ལུའུ་སེར་ནས་ཚོགས་མགོ་བརྩམས། མའོ་ཚི་ཡིས་གྲོས་ཚོགས་མ་བསྡུས་གོང་སྨྱན་བྱད་ཀྱི་དྲི་བར་ལན་འདབས་སྐབས་བཤད་རྒྱུར། ཨུ་རུ་སིའི་རྒྱུ་ནོར་དེ་དག་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀག་འཇོག་བྱས་པས། མུ་མཐུགད་དུ་ཡོ་རོབ་གླིང་ནས་བཀག་འཇོག་བྱེད་དགོས། དེ་ནི་ང་ཚོས་ལས་དོན་ཡིན་ལ། ང་ཚོ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་ཟེར།

དབྱིན་ཇིའི་དངུལ་ལོར་སྐབས་དོན་ཚགས་པར་སོགས་སྨྱན་བྱད་ཀྱིས་དེའི་སྔོན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཉེ་སྔོན་གྲོས་གཞི་ཞིག་བཏོན་ཏེ། ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་བཀག་འཇོག་བྱས་པའི་ཨུ་རུ་སིའི་བདག་དབང་རྒྱུ་ནོར་གྱི་བཀག་སྡོམ་མེད་པར་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། དེ་ཝ་ཧྲིན་ཐོན་གྱིས་ལྟ་རྟོག་བྱེད་པའི་རྐྱེན་སྲོལ་ནང་བཞག་སྟེ་ཝུའུ་ཁི་ལན་གྱི་ཞི་བདེའི་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས་ཟེར།

མིག་སྔར་ཡོ་རོབ་གླིང་མནའ་འབྲེལ་གྱི་མངའ་ཁོངས་སུ་བཀག་འཇོག་བྱས་པའི་ཨུ་རུ་སིའི་ཀྲུང་དབྱང་དངུལ་ཁང་གི་རྒྱུ་ནོར་ཡོ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་གཅིག་ཙམ་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།

​