མཱ་ཁི་ལུང་གིས་རྒོལ་གཏམ་བྱེད་སྒོའི་ཁྲོད་ཀྱི་དྲག་སྤྱོད་ལ་སུན་འབྱིན་བྱས། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

        ཚེས18ཉིན།    ཧྥ་རན་སེའི་སྲིད་འཛིན་མཱ་ཁི་ལུང་གིས་ཧྥ་རན་སེའི་ས་ཆ་མང་པོ་རུ་བསླངས་པའི་རྒོལ་གཏམ་བྱེད་སྒོའི་ཐད་གཏམ་བཤད་སྤེལ།    ཁོས་རྒོལ་གཏམ་བྱེད་སྒོའི་ཁྲོད་ཀྱི་དྲག་སྤྱོད་ལ་སུན་འབྱིན་བྱས་ཏེ།  རེ་ཞུ་དང་བཙན་ཤེད་གཉིས་གཅིག་ཏུ་འཁྲུལ་མི་རུང་བའི་འབོད་སྐད་བཏང་བ་མ་ཟད། སྐབས་དེར་བྱུང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ཆད་སྤྱོད་རྒྱུ་ཡིན་པར་བསྟན།

       ཚེས་བཅུ་བདུན་ཉིན།    ཧྥ་རན་སེའི་ས་ཆ་མང་པོ་རུ་གཞི་རྒྱ་ཆེ་བའི་རྒོལ་གཏམ་བྱེད་སྒོ་བསླངས་ཤིང་། དེར་འབྲེལ་བ་ཡོད་པའི་རེ་ཞུའི་ཁྲོད་འཚོ་བའི་མ་རྩ་མཐོ་རུ་ཕྱིན་པ་དང་སྤྱི་པའི་ཞབས་ཞུ་ལེགས་བཅོས་བྱེད་པའི་བླང་བྱ་སོགས་འདུས་ཡོད་ལ།  ས་ཁུལ་ཁ་ཤས་སུ་དྲག་སྤྱོད་བྱུང་།  ཧྥ་རན་སེའི་ནང་སྲིད་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སེའི་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མི་གྲངས་ཉིས་སྟོང་བཞི་བརྒྱ་འཛིན་བཟུང་བྱས།