ཧིན་རྡུ་ཉི་ཞི་ཡའི་ནགས་མེ་དང་དུ་སྨུག་གང་སར་ཁྱབ་ནས་ས་ཆ་མང་པོར་གནོད་པ་ཐེབས། 
ཁུངས། ཀློག་གྲངས།
ཧིན་རྡུ་ཉི་ཞི་ཡའི་ཁོར་ཡུག་དང་ནགས་ལས་པུའུ་ཡིས་ཚེས18ཉིན་ཁྱབ་བསྒྲགས་བྱས་པའི་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་གསར་པ་ལས་མངོན་པ་ལྟར་ན།  ཐན་དུས་ཀྱི་ནགས་མེ་དང་ཞིང་ལས་རྩྭ་སྐམ་བསྲེགས་པའི་ཤུགས་རྐྱེན་ཐེབས་ནས།  ཧིན་རྡུ་ཉི་ཞི་ཡའི་ས་ཆ་མང་པོར་དུ་སྨུག་གི་གནོད་འཚེ་ཚབས་ཆེན་ཐེབས་ནས་མཁའ་རླུང་གི་སྤུས་ཚད་ཇེ་སྡུག་ཏུ་ཕྱིན།  ས་དེའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན།  ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཡོངས་ཀྱི་མཁའ་རླུང་སྦགས་བཙོག་ཚབས་ཆེ་ཤོས་ཀྱི་ས་ཁོངས་སྔོན་མ་བཅུ་པའི་བར་མཁའ་རླུང་སྤུས་ཚད“ཉེན་ཁའི”རིམ་པར་སླེབས་ཡོད།  ཧིན་རྡུ་ཉི་ཞི་ཡའི་འཕྲོད་བསྟེན་སྡེ་ཁག་གིས་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱི་མང་ཚོགས་ལ་འགོག་སྲུང་ལེགས་པོ་བྱེད་དགོས་པའི་དྲན་སྐུལ་བྱས།  གཞན་ཡང་གནས་ཚུལ་སྤེལ་དོན།  དུ་སྨུག་མ་ལེ་ཞི་ཡ་དང་སིང་ཀ་ཕོར། ཏི་ཝུན་ཤར་མ་སོགས་རྒྱལ་ཁབ་ཏུ་ཁྱབ་ནས་མཁའ་རླུང་སྦགས་བཙོག་ཚབས་ཆེན་བཟོས་ཡོད།