ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་སོ་ཏི་ཨ་རབ་ཀྱི་དམིགས་འབེན་ལ་རྡུང་རྡེག་ཐེངས་མང་བཏང་བ་བསྟན། 
ཁུངས། ཀློག་གྲངས།
ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་ཚེས19ཉིན་བསྟན་དོན། སོ་ཏི་ཨ་རབ་ཀྱིས་ཡེ་མེན་ཧུའུ་སའེ་དྲག་ཆས་ཚོད་འཛིན་ཁུལ་ལ་འཇབ་རྒོལ་བྱས་པར་ལན་སློག་ཆེད། རྩ་འཛུགས་དེས་འདས་པའི་དུས་ཚོད48རིང་། འཕུར་མདེལ་དང་མི་མེད་གནམ་གྲུས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་རྡོ་སྣུམ་དང་མཁའ་སྐྱོད་སྒྲིག་བཀོད། དེ་བཞིན་དམག་དོན་དམིགས་འབེན་ལ་རྡུང་རྡེག་ཐེངས6བཏང་བར་མ་ཟད། ཡེ་མེན་ལྷོ་རྒྱུད་ཀྱི་ཧྲི་པུའུ་ཝོ་ཞིང་ཆེན་གྱི་དམག་དོན་རྟེན་གཞིའི་ནང་གི་སོ་ཏི་ཨ་རབ་ཀྱིས་རྒྱབ་སྐྱོར་བྱེད་པའི་དམག་དཔུང་བསྡུ་རུབ་ས་ཁུལ་ལ་འཇབ་རྒོལ་བྱས།

ཡེ་མེན་ཧྲི་པུའུ་ཝོ་ཞིང་ཆེན་གྱི་ས་གནས་དབང་འཛིན་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་ནས་བསྟན་དོན། ཧུའུ་སའེ་དྲག་ཆས་ཀྱིས་ཉིན་དེར་ཞིང་ཆེན་དེའི་དམག་དོན་རྟེན་གཞིར་འཇབ་རྒོལ་བྱས་པས་མི53རྐྱེན་ལམ་དུ་ཤོར་བ་དང་། གཞན་མི200ལྷག་ལ་རྨས་ཕོག