
ཡེ་མེན་ཧུའུ་སེ་དྲག་ཆས་དམག་དཔུང་གིས་ཚེས21ཉིན། རྩ་འཛུགས་དེས་ཉིན་དེར་ཡེ་མེན་ཡ་ཏིང་རྒྱལ་སྤྱིའི་གནམ་གྲུ་ཐང་ཉེ་འཁོར་དང་དེ་བཞིན་ཡེ་མིན་ཧ་ལ་མོ་ཞིང་ཆེན་གྱི་ལེ་དབྱང་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཡོད་པའི་སོ་ཏི་ཨ་རབ་ཀྱི་དམིགས་ཡུལ་ལ་རྡུང་རྡེག་བཏང་ཞེས་བསྟན། སོ་ཏི་ཨ་རབ་ནུས་ཁུངས་པུའུ་ཡིས་ཚེས21ཉིན། སོ་ཏི་ཨ་རབ་མཁའ་སྲུང་དམག་མིས་ཉིན་དེར་རྒྱལ་ཁབ་དེའི་ཤར་ཕྱོགས་སྣུམ་ཞིང་ལ་འཇབ་རྒོལ་བྱེད་རྩིས་བྱས་པའི་མི་མེད་གནམ་གྲུ་ཞིག་བཀག་འགོག་བྱས་པ་བསྟན།
ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས21ཉིན། སོ་ཏི་ཨ་རབ་ཏུ་བཅའ་སྡོད་བྱེད་པའི་ཨ་རིའི་སྲིད་གཞུང་གི་ཛ་དྲག་ཉེན་གཡོལ་མིན་པའི་སྲིད་གཞུང་གླས་མི་དང་ཁོ་ཚོའི་ཁྱིམ་མི་ཕྱིར་འཐེན་བྱ་དགོས་པའི་བཀའ་ཕབ་ཟིན་པ་བསྟན།