ཨུ་རུ་སུས་འཇར་པན་གྱི“ཡང་བསྐྱར་དམག་དོན་ཅན”གྱིས་ས་ཁུལ་གྱི་བདེ་འཇགས་ལ་གནོད་འཚེ་བཏང་བར་སྐྱོན་བརྗོད་བྱས། 
ཁུངས། ཀློག་གྲངས།
​ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་ཚེས་ཉེར་གཅིག་ཉིན་འཇར་པན་དང་ཨ་རིའི“རྣོ་གྲི27”མཉམ་འབྲེལ་དམག་སྦྱོང་དེ“ཆེད་སྲུང་འགོག་སྲུང”གི་རྩ་དོན་ལས་བརྒལ་ཞིང་། འཇར་པན་གྱིས“ཡང་བསྐྱར་དམག་དོན་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བའི”ཆ་ཤས་ཤིག་ཡིན་ལ།  ཨུ་རུ་སུའི་རྒྱང་ཤར་མཐའ་མཚམས་ས་ཁུལ་ཀྱི་བདེ་འཇགས་ལ་ཉེན་ཁ་ཐེབས་པ་མ་ཟད།  ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་བརྟན་ལྷིང་དང་བདེ་འཇགས་ལའང་གནོད་འཚེ་གཏོང་སྲིད་པས། ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་སྲུང་ནུས་པར་ཤུགས་བསྣན་ནས་ཕྱིར་ལན་སྤྲོད་རྒྱུ་ཡིན་ཚུལ་བསྟན། ཀྲ་ཧ་ལུའོ་ཝ་ཡིས་འཇར་པན་དམག་རྒྱལ་རིང་ལུགས་ཀྱིས་ལོ་རྒྱུས་སྟེང་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་དང་དེ་མིན་ཡ་གླིང་རྒྱལ་ཁབ་ལ་གནོད་འཚེ་བཟོས་མྱོང་བས། ཨུ་རུ་སུ་ཕྱོགས་ཀྱི་སེམས་ཁྲལ་ལ་ལོ་རྒྱུས་དང་དངོས་ཡོད་ཀྱི་གཞི་འཛིན་ཡོད།  འཇར་པན་ཀུང་སིས་ཝུའུ་ཁོ་ལན་ལ་མི་མེད་གནམ་གྲུ་རྩིས་སྤྲོད་བྱས་པའི་དོན་དག་དེར།  ཀྲ་ཧ་ལུའོ་ཝ་ཡིས་འཇར་པན་ཕྱོགས་ཀྱིས་མངོན་སུམ་འཛེམ་མེད་དུ་དགྲར་འཛིན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་བཏང་བ་དང་། ཨུ་རུ་སུ་ཕྱོགས་ཀྱིས་རྒོལ་ལན་སློག་རྒྱུ་ཡིན་ཚུལ་བསྟན།