གནམ་གཤིས་རྩ་འཛུགས་ཀྱིས་ཨི་ཨར་ཉི་ནོའི་ཤུགས་རྐྱེན་སྔར་བྱུང་མ་མྱོང་བའི་ཚད་དུ་སླེབས་ཀྱང་སྲིད་ཅེས་བསྟན།
ཁུངས། ཀློག་གྲངས།

འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཚེས21ཉིན་སྤེལ་བའི《གོ་ལ་ཧྲིལ་པོའི་དུས་ཚིགས་རང་བཞིན་གྱི་གནམ་གཤིས་སྔོན་དཔག》ཅེས་པའི་ནང་དུ་ད་ལྟའི་ཨི་ཨར་ཉི་ནོའི་དོན་རྐྱེན་གྱི་ཤུགས་ཚད་དེ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཚད་ལ་སླེབས་སྲིད་པ་དང་། སྔོན་དཔག་བྱས་ན2026ལོའི་ཟླ11པ་ནས2027ལོའི་ཟླ1བར། ཚ་བའི་ཁུལ་གྱི་ཞི་བདེ་རྒྱ་མཚོའི་འབྲེལ་ཡོད་མཚོ་ཁོངས་ཀྱི་ཆུ་ངོས་དྲོད་ཚད་ཆ་སྙོམས་ཀྱིས་ཧྲེ་ཧྲི་ཏུའུ3.8ཙམ་གྱིས་ཇེ་མཐོར་འགྲོ་ཡང་སྲིད། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཧྲའོ་ལུའོ་ཡིས་ཚོད་དཔག་གི་གྲངས་ཀ་འདི་འདས་པའི་ལོ་ངོ40རིང་བེད་སྤྱོད་བཏང་བའི་ལྟ་ཞིབ་རི་མོ་ལས་བརྒལ་ཡོད་ཅེས་བསྟན།