
ཨུ་རུ་སུ་ཡིས་ཨུ་རུ་སི་དང་ཨ་རི། ཝུའུ་ཁོ་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་བསྐྱར་དུ་འགོ་འཛུགས་འདོད་ཡོད་པ་བསྟན། ཝུའུ་ཁོ་ལན་གྱིས་ད་ལྟའི་དམག་འཁྲུག་གི་གནས་བབ་རང་འཇགས་སུ་གཏོང་བར་མོས་མཐུན་ཡོད་པ་བསྟན།
ཨུ་རུ་སུའི་སྲིད་འཛིན་ལས་རོགས་ཝུའུ་ཧྲ་ཁོ་ཧྥུའུ་ཡིས་ཚེས21ཉིན་བསྟན་དོན། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གིས་ཉིན་དེར་ཨ་རིའི་སྲིད་འཛིན་གྱི་ཆེད་བསྐོས་ཕོ་ཉ་ཝུའེ་ཐེ་ཁོ་ཧྥུའུ་དང་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ཟླ11པའི་ཟླ་དཀྱིལ་དུ་ཨུ་རུ་སུ་དང་། ཨ་རི། ཝུའུ་ཁོ་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་བསྐྱར་དུ་བྱེད་འདོད་ཡོད་ཟེར། གྲོས་མོལ་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེ་རུ་འཚོག་རྒྱུ་ཡིན་ལ། གྲོས་གཞི་གཙོ་བོ་ནི་འགལ་བ་མཇུག་འགྲིལ་རྗེས་ཨུ་རུ་སི་དང་ཝུའུ་ཁོ་ལན་གྱི་བདེ་འཇགས་མ་ལག་འཛུགས་སྐྲུན་དང་འབྲེལ་བ་ཡོད། ཝུའུ་ཧྲ་ཁོ་ཧྥུའུ་ཡིས་དུས་མཚུངས་སུ་བསྟན་དོན། ཕུའུ་ཅིང་དང་ཝེ་ཐེ་ཁོ་ཧྥུའུ་ཡིས་ད་དུང་ཨུ་རུ་སུ་ཡིས་ཨ་རི་དང་གོ་ལ་ཧྲིལ་པོའི་ཁྲོམ་རར་ཁྲའེ་སྣུམ་མཁོ་འདོན་གྱི་གྲོས་མཐུན་ལག་བསྟར་གནད་དོན་སྐོར་གླེང་། ཕྱོགས་གཉིས་ཀས་གྲོས་མཐུན་དེ་ཨུ་རུ་སི་དང་ཨ་རི་ཕྱོགས་གཉིས་ཀའི་ཁེ་ཕན་དང་མཐུན་པ་མ་ཟད། གོ་ལ་ཧྲིལ་པོའི་འབུད་ཤིང་ཁྲོམ་ར་བརྟན་བརླིང་ཡོང་བར་ཡང་ཕན་པ་ཡོད་ཅེས་བསྟན།
ཝུའུ་ཁོ་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས་ཚེས21ཉིན། ཨ་རིའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས“ད་ལྟའི་བཀག་སྡོམ་གནས་ཚུལ”དང་ཝུའུ་ཁོ་ལན་ཕྱོགས་ཀྱི“མངའ་ཁོངས་ཀྱི75%འམ་ཡང་ན་དེ་བས་མང་པོ་སོར་འཇོག་བྱེད་པའི”ཞི་བདེའི་གྲོས་མཐུན་དང་ལེན་བྱེད་མིན་སྐོར་དྲིས། ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། མིག་སྔར་ངེས་པར་དུ་ད་ལྟའི་གནས་ཚུལ་བཀག་སྡོམ་བྱེད་དགོས་པ་དང་། འདི་ནི་དམག་འཁྲུག་མཇུག་སྒྲིལ་བའི་དངོས་ཡོད་ཀྱི་ཐབས་ལམ་ཞིག་རེད། ཝུའུ་ཁོ་ལན་ཕྱོགས་ཀྱིས་ད་དུང་ཨ་རི་དང་ཡོ་རོབ་གླིང་གི་བདེ་འཇགས་འགན་སྲུང་བརྩོན་ལེན་བྱ་རྒྱུ་ཡིན་ཟེར། ཙེ་ལན་སི་ཅི་ཡིས་ཉིན་དེར་ད་དུང་ཝུའུ་ཁོ་ལན་ཕྱོགས་ཀྱིས་ཨུ་རུ་སི་དང་ཨ་རི། ཝུའུ་ཁོ་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་མྱུར་མོར་འཚོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན།