
སོ་ཏི་ཨ་རབ་རྒྱལ་ཁབ་དམངས་སྲུང་སྡེ་ཁག་གིས་ཚེས24ཉིན་བསྟན་དོན། ཉིན་དེར་ཡེ་མེན་ཧུའུ་སེ་དྲག་ཆས་པས་མའེ་ཅ་དང་མའེ་ཏི་ན་ཕྱོགས་སུ་འཕུར་མདའ་གཉིས་འཕངས་པ་བཀག་འགོག་བྱས། གནས་ཚུལ་དེར་ཧུའུ་སེ་དྲག་ཆས་པས་ཉིན་དེར་གསལ་བསྒྲགས་སྤེལ་ཏེ་ཁས་མ་བླངས། དྲག་ཆས་དཔུང་ཁག་དེས་བཤད་རྒྱུར། ཡེ་མེན་གྱི་རྒྱལ་ས་ས་ནཱ་རུ་ཚེས24ཉིན་སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གི་མཁའ་རྒོལ་ཐེབས་ཏེ། མི་སྣ་མང་པོར་ཤི་རྨས་བྱུང་བ་དང་། དེའི་ཕྱིར་ལན་ལ་ཧུའུ་སེ་དྲག་ཆས་པས་ཉིན་དེར་འཕུར་མདའ་དང་མི་མེད་གནམ་གྲུ་སྤྱད་དེ། སོ་ཏི་ཨ་རབ་མངའ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་ཐེངས་མང་བྱས་ཤིང་། འཇབ་རྒོལ་དམིགས་ཡུལ་ནི་སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་བཀོད་དང་དམག་དོན་རྟེན་གཞི་ཁོ་ན་ཡིན་ཟེར།