རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་དོ་སྣང་ཆེན་པོ་བྱས།
ཁུངས། ཀློག་གྲངས།

རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་དོ་སྣང་ཆེན་པོ་བྱས། ཁོ་ཚོས་བསྟན་དོན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་དམིགས་པ་དང་།    འདིས་ཀྲུང་གོའི་གུང་ཁྲན་ཏང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་།   ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་གོང་བཀུར་འཐོབ་རྒྱུར་འགན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན།