
ཨུ་རུ་སུའི་སྲིད་འཛིན་ལས་རོགས་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས25ཉིན་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན་གྱི་རྗེས་སུ་ཨུ་རུ་སུ་དང་ཨ་རི། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་སླར་གསོ་བྱེད་འདོད་ཡོད། ཁོས་བསྟན་དོན། འཚོག་འཆར་ཡོད་པའི་ཕྱོགས་གསུམ་གྱི་གྲོས་མོལ་ནི་ཆེད་མཁས་རིམ་པའི་ཐོག་མའི་འབྲེལ་བ་ཙམ་ཡིན་པས། ཝུའུ་ཁི་ལན་གནད་དོན་སྐོར་གྱི་ཞི་བདེའི་གྲོས་ཡིག་འཇོག་ཐུབ་པར་ཕྱོགས་སོ་སོས་འབད་བརྩོན་ཆེན་པོ་བྱེད་དགོས། ཨ་རིའི་སྨྱན་སྦྱོར་གྱིས་ཚེས་ཉེར་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཕྱོགས་གསུམ་གྱི་གྲོས་མོལ་དེ"མི་འགྱངས་པར"འཚོག་རྒྱུ་ཡིན་པ་བསྟན།
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལེན་སི་ཅི་ཡིས་ཉིན་དེར་བཤད་རྒྱུར། ཟླ་བཅུ་གཅིག་པར་འཚོག་འཆར་ཡོད་པའི་ཕྱོགས་གསུམ་གྲོས་མོལ་གྱི་ཞིབ་ཕྲའི་ས་གནས་སྔར་བཞིན་གྲོས་བསྡུར་བྱེད་བཞིན་ཡོད། ཐེངས་འདིའི་གྲོས་མོལ་གྱི་གྲོས་དོན་ནི་ནུས་ཁུངས་སྒྲིག་བཀོད་ལ་རྡུང་རྡེག་གཏོང་མཚམས་འཇོག་པ་དང་ཧའེ་ཧེ་རྒྱ་མཚོའི་འབྲེལ་ཡོད་ས་ཁོངས་སུ་དམག་འཁྲུག་མཚམས་འཇོག་པ་སོགས་ཡིན།