
ས་དེའི་ཚེས25ཉིན་གྱི་དགོང་མོར། པ་ཞིའི་མཐོ་རིམ་འདེམས་བསྐོ་ཁྲིམས་ཁང་གིས་བསྡོམས་རྩིས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་ལས་བསྟན་དོན། ཉིན་དེར་ཚོགས་པའི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་ཁྲོད། པ་ཞིའི་ད་ལྟའི་སྲིད་འཛིན། ངལ་རྩོལ་བཟོ་པའི་ཏང་གི་འདེམས་སྒུག་པ་ལུའུ་ལཱར་འདེམས་ཤོག་བརྒྱ་ཆའི་ང་གཅིག་གྲངས་ཆུང་བདུན་དགུ་ཐོབ་ནས། ཐེངས་འདིའི་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ། ཁོའི་འགྲན་ཡ་རང་དབང་ཏང་གི་འདེམས་སྒུག་པ་ཧྥུའུ་ལཱ་ཝེ་ཨའོ་.པའོ་སོ་ན་ལོ་ལ་འདེམས་ཤོག་ཐོབ་ཚད་བརྒྱ་ཆའི་ཞེ་བརྒྱད་གྲངས་ཆུང་གཉིས་གཅིག་རེད།
འདི་ནི་ལུའུ་ལ་ཐེངས་བཞི་པར་པ་ཞིའི་སྲིད་འཛིན་ལ་བདམས་ཐོན་བྱུང་བ་ཡིན། ཁོའི་འགན་ཡུན་གསར་པ2027ལོའི་ཟླ་དང་པོའི་ཚེས5ཉིན་ནས་འགོ་རྩོམ་རྒྱུ་རེད།