
ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཟླ11པའི་ཚེས1ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཨུ་རུ་སུའི་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པ་ཀྲ་ལུའུ་པིན་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལན་སི་ཅི་དང་གྲོས་མོལ་བྱ་རྒྱུར་གཏན་ནས་ཁས་བླངས་མ་མྱོང་པ་མེད།
ཨུ་རུ་སུའི་གསར་འགྱུར་ཁང་གིས་བསྒྲགས་རྒྱུར། ཀྲ་ལུའུ་པིན་གྱི་གལ་ཏེ་ཙི་ལན་སི་ཅི་ཡིས་ཨུ་རུ་སུའི་སྲིད་འཛིན་ལ་ཁ་པར་བཏང་ཚེ་ཁོས་དེར་ཉན་མིན་སྐོར་གྱི་གནད་དོན་ལ་ལན་འདེབས་སྐབས། ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ངས་བལྟས་ན་ཁོས་ཁ་པར་ལ་ཉན་ཁོ་ཐག་ཡིན། ཕུའུ་ཅིན་གྱིས་གྲོས་མོལ་བྱ་རྒྱུར་ཁས་བླངས་མ་མྱོང་པ་མེད།
གཞན་ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཀྲ་ལུའུ་པིན་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་པའི་གྲོས་མོལ་དེ་སྔོན་ལ་ཨུ་རུ་སུ་དང་ཨ་རི། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་རྣམ་པས་འཚོག་དགོས་པ་དང་། ཡོ་རོབ་གླིང་གི་འཐུས་ཚབ་པའང་དེའི་རྗེས་གྲོས་མོལ་ལ་ཞུགས་སྲིད།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་ད་དུང་བཤད་རྒྱུར། གལ་ཏེ་ཙི་ལན་སི་ཅི་ཡིས་ཕུའུ་ཅིན་དང་གྲོས་མོལ་བྱེད་འདོད་ཡོད་ཚེ། མོ་སི་ཁོ་རུ་ཡོང་ཆོག
ལྷ་མོ་འཚོས་བསྒྱུར།