འཛམ་གླིང་གི་སྲིད་ཏང་དང་ཆབ་སྲིད་མི་སྣས་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཉེ་ཆར། འཛམ་གླིང་གི་རྒྱལ་ཁབ་མང་པོའི་སྲིད་ཏང་དང་ཆབ་སྲིད་མི་སྣས་བྱེད་ཐབས་མང་པོར་བརྟེན་ནས་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་ཚོགས་པར་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཉམས་མྱོང་དང་ཕན་འབྲས་ལ་གདེང་འཇོག་ལེགས་པོ་བྱས་ཤིང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པས་འཛམ་གླིང་གི་སྲིད་ཏང་འཛུགས་སྐྱོང་ཐད་བློ་སྐྱེད་གལ་ཆེན་བཏོན་པར་བསྔགས་བརྗོད་ཚད་མེད་བྱས།

སི་རི་ལན་ཁའི་མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་འར་ཝ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བར་མཐོང་ཆེན་དང་ཏང་གི་རྐྱེན་སྲོལ་ལ་ཤུགས་བསྣན་ནས། སྤྱོད་གཙང་སྤྱི་གཞོལ་དང་མང་ཚོགས་ལ་འབྲེལ་བ་ཟབ་པའི་ཏང་ཡོན་གྱི་དཔུང་སྡེ་སྟོབས་ལྡན་ཞིག་འཛུགས་པར་འགོ་ཁྲིད་མཛད་པས། མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་ཐད་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན།

ཐེ་གོ་དམངས་གཙོ་ཏང་གི་འགོ་གཙོ། སྲིད་གཞུང་གི་ཙུང་ལི་ཟུར་པ་ཨ་ཕིས་ཧྲི་ཡིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གིས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་མོར་རྒྱུས་ལོན་བྱས་ཏེ། མི་དམངས་ཀྱི་རྩ་བའི་རེ་འདུན་ལ་ལན་སློག་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་བཅོས་སྐྱོང་ལག་ལེན་དང་ཉམས་མྱོང་རྩ་ཆེན་ལ་དཔེ་ལྟོས་ཀྱི་དོན་སྙིང་གལ་ཆེན་ལྡན་པས། སྲིད་ཏང་སོ་སོས་བསམ་གཞིགས་ནན་མོ་གཏོང་འོས། 

བལ་བོ་གུང་ཁྲན་ཏང་གི་མཐུན་སྦྱོར་པ་གཞོན་པ། སྲིད་གཞུང་གི་ཙུང་ལི་ཟུར་པ་ཉི་ཕ་ཨར་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པས་སྲིད་ཏང་ཚང་མ་གཡོལ་ཐབས་མེད་པའི་གནད་དོན་ལ་ལན་སློག་པ་རེད། སྲིད་ཏང་ཞིག་གིས་ཐོག་མཐའ་བར་གསུམ་དུ་རང་ངོས་འཛུགས་སྐྱོང་ལ་མཐོང་ཆེན་དང་རང་ངོས་གསར་བཅོས་བྱེད་ཕོད་ཚེ། གཞི་ནས་རྒྱལ་ཁབ་ཡུན་རིང་བདེ་འགོད་ཀྱི་ཕྱོགས་སུ་སྣེ་ཁྲིད་ཐུབ།

ཐུར་ཁེའི་རྒྱལ་གཅེས་ཏང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་པོ་པེ་འར་ཅི་ཡིས་བསྟན་དོན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་གྲོས་རིམ་གྱི་ལྟེ་བའི་གོ་གནས་སུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་འགན་འཁྲི་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མངོན་ཡོད།

ལི་པི་རི་ཡའི་མཐུན་སྒྲིལ་ཏང་གི་རྒྱལ་ཡོངས་ཀྲུའུ་ཞི་ཐ་ཨར་ཕེ་ཡིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གི་ལེགས་འགྲུབ་ཀྱི་བཅོས་སྐྱོང་བྱེད་སྟངས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་མི་རིགས་བསྐྱར་དར་གྱི་ལམ་བུ་བཏོད་དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད།

ཙམ་པབ་ཝེའི་ཨ་ཧྥེ་རི་ཁའི་མི་རིགས་མནའ་འབྲེལ—རྒྱལ་གཅེས་འཐབ་ཕྱོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི། གྲོས་ཁང་ཞོལ་མའི་གྲོས་གཙོ་མུའུ་ཏིན་ཏ་ཡིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ནས། ཀྲུང་གོའི་གུང་ཁྲན་ཏང་གིས་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། སྤྱོད་གཙང་དྲང་གཞག་སྲུང་འཛིན། རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་རེ་འདུན་ཟབ་མོ་མངོན་ཡོད།

ན་སྨི་པི་ཡའི་མི་དམངས་རྩ་འཛུགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧྲ་ཉིན་ཝ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཏང་བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་བྱེད་པར་ནུས་ལྡན་གྱི་ཇུས་གཞི་བཏོན་པས། གོ་ལ་ཧྲིལ་པོའི་མཐོང་རྒྱ་དང་འགན་འཁྲི་འཁུར་སེམས་ཆེན་པོ་གང་ལེགས་སྒོས་མངོན་ཡོད། མི་དམངས་རྩ་འཛུགས་ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་དང་བསམ་བློ་བརྗེ་རེས་དཔེ་ལྟ་བྱ་རྒྱུར་ཤུགས་སྣོན་འདོད་ཡོད།

ཝུའུ་ཀན་ཏའི་རྒྱལ་ཡོངས་འགོག་རྒོལ་ལས་འགུལ་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཐའོ་ཏི་ཝང་ གིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གིས་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་འབད་བརྩོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་དུ་འགྱུར་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་པ་མ་ཟད། ཧྥེ་གླིང་སོགས་ས་ཁུལ་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་ཆེད་དཔེ་མཚོན་ཡང་མཁོ་འདོན་བྱས་ཡོད།

ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་རྒྱལ་སྤྱི་འབྲེལ་བའི་པུའུ་ཡི་པུའུ་ཀྲང་ལའོ་ས་ཏ་ཡིས་བསྟན་དོན།  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རིམ་པས་ཏང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པའི་བརྒྱུད་རིམ་ཁྲོད་ཀྱི་དམིགས་བསལ་གྱི་དོན་ཚན་ཞིག་ཡིན་ལ། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལས་དེའི་ཕྱི་གསལ་ནང་གསལ་དང་རང་སྐྱོན་རང་བརྗོད་བྱེད་ཕོད་པའི་བློ་རྒྱ་མངོན་པར་བྱས་ཡོད།

སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་སིན་ཐི་ལི་ཡ་ཡིས་བསྟན་དོན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལས་ཏང་གི་རང་ངོས་འཛུགས་སྐྱོང་དང་རང་ངོས་གསར་བརྗེ་བྱེད་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”སྔར་ལས་ལེགས་པར་འགྲུབ་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད།

ཡོ་རོབ་གླིང་གྲོས་ཁང་གི་གཡོན་རུའི་ཏང་དང་ཚོགས་པའི་མཉམ་འབྲེལ་ཀྲུའུ་ཞི་ཧྲི་ཨར་ཏི་ཝན་གྱིས་བསྟན་དོན། གཡོན་རུའི་ཏང་དང་ཚོགས་པ་དང་དེ་བཞིན་ཡོ་རོབ་ཀྱི་ལས་རིགས་ཁག་གིས་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་ཡོངས་ཁྱབ་ངང་དོ་ཁུར་བྱེད་ཀྱིན་ཡོད་ལ། འདིས་ཀྲུང་གོའི་མ་འོངས་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་མཛུབ་སྟོན་དོན་སྙིང་ལྡན་པར་འདོད།

ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་གྲོས་ཁང་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་ནོ་ཝེ་ཁི་ཧྥུའུ་ཡིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གི་རླབས་ཆེན་ནི་རང་ཉིད་ལ་མཐོང་ཆེན་དང་གནད་དོན་ལ་ཁ་གཏད་འཇལ་བར་མ་ཟད། གནད་དོན་ཐག་གཅོད་བྱེད་ཕོད་པ་དང་།  དབང་ཆ་སྤྱད་དེ་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྒེར་ཕན་མི་གཉེར་བར། ཏང་ལ་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་པར་འགན་ལེན་བྱས་པར་ཐུག་ཡོད།

མ་ལེ་ཞི་ཡའི་མི་དམངས་དྲང་གཞག་ཏང་གི་ཀྲུའུ་ཞི་གཞོན་པ། སྲིད་གཞུང་གི་ཚན་རྩལ་དང་གསར་གཏོད་པུའུ་ཡི་པུའུ་ཀྲང་ཀྲིན་ལི་ཁང་དང་། ཆ་ཏེ་རྒྱལ་གཅེས་མྱུར་སྐྱོབ་ལས་འགུལ་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཨ་ཆི་ཙི། རུ་ཝང་ཏའི་རྒྱལ་གཅེས་འཐབ་ཕྱོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་པཱ་ཆི་ཝ་མོ། སེ་ནེ་ཀལ་རྒྱལ་གཅེས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཏ་ཧྥེ། ཐན་ཙན་ནི་ཡའི་གསར་བརྗེའི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་མུས་ཅི་ལོ། ཙན་པི་ཡའི་རྒྱལ་ཁབ་འཕེལ་རྒྱས་མཉམ་འབྲེལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དབྱི་མུན་ཏ། པོ་ཚི་ཝ་ནའི་དམངས་གཙོ་འཕོ་འགྱུར་མནའ་འབྲེལ་གྱི་རྒྱལ་ཡོངས་ལག་བསྟར་དྲུང་ཡིག་མོ་ལུའུ་ཆིས་བཅས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཉམས་མྱོང་དང་ཕན་འབྲས་ལ་གདེང་འཇོག་ལེགས་པོ་བྱས།

ད་དུང་རྒྱལ་ཁབ་ཀྱི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་། རིག་མཛོད་ཀྱི་མཁས་དབང་། སྨྱན་སྦྱོར་གྱི་འགན་འཁུར་བ་བཅས་མང་པོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲུབ་འབྲས་གལ་ཆེན་དང་འཛམ་གླིང་གི་དོན་སྙིང་ལ་བསྔགས་བརྗོད་ཆེན་པོ་བྱས་ཤིང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཀྲུང་གོའི་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་ཟབ་མོ་བྱ་རྒྱུའི་རེ་བ་བཅངས་ཡོད།