
ཡོ་རོབ་མནའ་འབྲེལ་གནམ་གཤིས་ལྟ་ཞིབ་ཚད་ལེན་ལས་ཁུངས་ཀི་པའེ་ཉིའི་གནམ་གཤིས་འགྱུར་ལྡོག་ཞབས་ཞུ་ཅུས་ཀྱིས་ཚེས6ཉིན་སྙན་ཞུ་སྤེལ་བ་ལས་བསྟན་དོན། ད་ལོའི་ཟླ10པ་ནི་གོ་ལ་ཧྲིལ་པོར་ཟིན་ཐོ་བཀོད་ཚུན་གྱི་ཚ་བ་ཆེ་ཤོས་ཀྱི་ཟླ10པ་དེ་ཡིན་ལ། གོ་ལ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་ཏུའུ་བཅོ་ལྔ་གྲངས་ཆུང་གསུམ་ལྔ་ཟིན་པ་དེ་བཟོ་ལས་ཅན་གྱི་ཆ་སྙོམས་ཆུ་ཚད་ལས་ཏུའུ་གཅིག་གྲངས་ཆུང་བདུན་ལྔ་ལས་མཐོ་ལ། ལས་ཁུངས་འདིས་ཚོད་དཔག་བྱས་པ་ལྟར་ན། 2026ལོའི་ལོ་ཧྲིལ་པོའི་གོ་ལ་ཧྲིལ་པོའི་ཆ་སྙོམས་ས་ངོས་དྲོད་ཚད་བཟོ་ལས་ཅན་སྔོན་གྱི་ཆུ་ཚད་ལས་ཏུའུ1.5ལས་བརྒལ་བའི་འཕར་ཚད99%ལས་བརྒལ་ཡོད།