
སི་ཕེན་གྱི་ཅ་ན་ལི་ས་ཁུལ་ཆེན་པོའི་ཚེས7ཉིན་གྱི་བསྡོམས་རྩིས་ལྟར་ན། འདས་པའི་ཉིན་བདུན་གྱི་རིང་། ཁྲིམས་འགལ་གྱི་གནས་སྤོར་ཡུལ་མི5000ཙམ་གྲུ་ལ་བསྡད་དེ་ཅ་ན་ལི་གླིང་ཚོམ་དུ་འབྱོར་བ་དང་དེའི་ནང་མི་མང་ཆེ་བ་གཅིག་སྡུད་ཀྱིས་ཡེ་ལུའོ་གླིང་ཕྲན་དུ་ཐོན། ས་གནས་དེ་གའི་སྲིད་གཞུང་གིས་ཚེས7ཉིན་གླིང་ཕྲན་དེ་ཛ་དྲག་གི་གནས་སུ་ལྷུང་བ་ཁྱབ་བསྒྲགས་བྱས། ས་གནས་ཀྱི་དམངས་སྲུང་དང་རོགས་སྐྱོབ་སྡེ་ཁག་གིས་སྣེ་ལེན་དང་བཀོད་སྒྲིག་གི་ནུས་པ་ཟད་ལ་ཉེ་བར་བསྟན།
ཅ་ན་ལི་གླིང་ཚོམ་ནི་ཧྥེ་གླིང་ནུབ་བྱང་རྒྱུད་ཀྱི་མཚོ་ཁོངས་སུ་གནས་ཡོད་ལ། ཧྥེ་གླིང་སྐམ་ས་ཆེ་མོ་དང་བར་ཐག་སྤྱི་ལེ་ཕལ་ཆེར་100ལྷག་ཡོད་ཅིང་། དེ་ནི་ཁྲིམས་འགལ་གྱི་གནས་སྤོར་ཡུལ་མི་མང་པོ་ཞིག་ཡོ་རོབ་ས་ཆར་འགྲོ་སྐབས་བརྒྱུད་དགོས་པའི་སྐམ་ས་ཞིག་ཡིན་པ་རེད།