སོ་ཏི་ཨ་རབ་སྨྱན་སྦྱོར་གྱིས་དབྱི་རག་གི་འཐུས་ཚབ་ཚོགས་པས་དབྱི་ལང་ལ་འཚམས་འདྲི་བྱས་པ་མ་ཟད་ཨ་རིའི་ཕྱོགས་ཀྱི་ཆ་འཕྲིན་བརྒྱུད་བསྒྲགས་བྱས་ཞེས་བསྒྲགས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

སོ་ཏི་ཨ་རབ་ཀྱི་ཨ་ལ་པི་ཡའི་བརྙན་འཕྲིན་ལས་ཁུངས་ཀྱི་མངའ་འོག་ཧ་ཏ་སིའི་གསར་འགྱུར་འཕྲིན་ལམ་གྱིས་ཚེས8ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱི་རག་གི་འཐུས་ཚབ་ཚོགས་པ་ཞིག་གིས་ཉེ་སྔོན་དབྱི་ལང་གི་རྒྱལ་ས་ཏི་ཧེ་ལན་ལ་འཚམས་འདྲི་བྱས་པ་དང་། དབྱི་ལང་གི་དཔོན་རིགས་དང་གྲོས་མོལ་བྱས་པ་མ་ཟད་ཨ་རིའི་ཕྱོགས་ཀྱི་ཆ་འཕྲིན་བརྒྱུད་བསྒྲགས་བྱས་འདུག

མིང་མ་བཀོད་པའི་གནས་ཚུལ་སྤེལ་མཁན་མི་སྣའི་སྐད་ཆ་ལུང་དྲངས་ནས་སྤེལ་བ་ལྟར་ན། དབྱི་རག་གི་འཐུས་ཚབ་ཚོགས་པས་ད་ཐེངས་ཀྱིའཚམས་འདྲི་ཆུ་ཚོད་8ཙམ་ལ་བྱས་འདུག ། འཚམས་འདྲི་དེ་ཨ་རིའི་ཆེད་བསྐོས་ཕོ་ཉ་ཐང་མུའུ་པ་ལ་ཁེ་ཡིས་དབྱི་རག་གི་རྒྱལ་ས་པ་ཀི་ཏ་ལ་འཚམས་འདྲི་བྱས་པ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་དང་དབྱི་རག་གི་ཙུང་ལི་ཀྲ་དབྱི་ཏི་གཉིས་ཀྱིས་ཁ་པར་བཏང་རྗེས་བྱུང་བ་རེད།

དབྱི་རག་གི་འཐུས་ཚབ་ཚོགས་པའི་ཁོངས་མི་དང་ཐུག་འཕྲད་བྱས་པའི་དབྱི་ལང་གི་དཔོན་རིགས་ཀྱི་ཐོབ་ཐང་ཕྱིར་བསྒྲགས་མེད་ལ། ཨ་རིའི་ཕྱོགས་ཀྱི་ཆ་འཕྲིན་གྱི་ཞིབ་ཕྲའི་ནང་དོན་ཡང་ཕྱིར་བསྒྲགས་བྱས་མེད།

ཨ་ལ་པི་ཡའི་བརྙན་འཕྲིན་ཁང་གིས་ཚེས7ཉིན་གནས་ཚུལ་སྤེལ་མཁན་མི་སྣའི་སྐད་ཆ་ལུང་དྲངས་ནས་སྤེལ་བ་ལྟར་ན། ཨ་རིས་དབྱི་རག་སྲིད་གཞུང་ལ་ཐ་ཚིག་བསྒྲགས་ཏེ། དབྱི་རག་མངའ་ཁོངས་ཀྱི་དྲག་ཆས་ཕྱོགས་ཁག་གལ་ཏེ་ཨ་རི་དང་དབྱི་ལང་བར་གྱི་གདོང་གཏུག་བསྐྱར་དུ་ལངས་སྐབས་དབྱི་ལང་གི་ཕྱོགས་སུ་ཞུགས་ན། དེའི་སྤྱི་ཁྱབ་པུའུ་དང་རྟེན་གཞི་ནི་རྡུང་རྡེག་གཏོང་བའི་དམིགས་འབེན་དུ་འགྱུར་རྒྱུ་ཡིན་ཞེས་བཤད།

གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཕྱོགས་ཀྱིས་དབྱི་རག་སྲིད་གཞུང་ལ་མངའ་ཁོངས་ནང་གི་དྲག་ཆས་ཕྱོགས་ཁག་གིས་ཁྱིམ་མཚེས་རྒྱལ་ཁབ་ལ་འཇབ་རྒོལ་བྱེད་པར་བཀག་འགོག་བྱེད་དགོས་པའི་སྐུལ་མ་བཏང་འདུག  ཨ་རིའི་ཆེད་བསྐོས་ཕོ་ཉ་པ་ལ་ཁེ་ཡིས་དབྱི་རག་སྲིད་གཞུང་ལ་མཚོན་ཆའི་ཚོད་འཛིན་དབང་ཆ་དེ་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན།