
ཚེས11ཉིན། དུས་ཡུན་ཉིན་གཉིས་རིང་གི་ཨུ་རུ་སུ་དང་ཨ་རི། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པེ་ནས་མཇུག་བསྒྲིལ། ཨུ་རུ་སུ་དང་ཝུའུ་ཁི་ལན་གཞི་ཁྱོན་ཆེ་བའི་འཛིན་བཟུང་མི་སྣ་བརྗེ་རེས་བྱེད་པའི་ཐད་ནས་གྲོས་མཐུན་བྱུང་།
ཨུ་རུ་སུ་ཕྱོགས་ཀྱི་འཐུས་མི་མེ་ཅིན་སི་ཅི་ཡིས་ཉིན་དེར་བསྟན་དོན། བདེ་འཇགས་སྒྲོམ་གཞི་ནི་ཐེངས་འདིའི་གྲོས་མོལ་གྱི་གྲོས་གཞི་གཙོ་བོ་ཡིན་པ་དང་། ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་བསྒྲིལ་རྗེས་ཡོ་རོབ་བདེ་འཇགས་མ་ལག་འཛུགས་པའི་གནད་དོན་ངེས་པར་དུ་ཐག་གཅོད་དགོས། ཝུའུ་ཁི་ལན་ཕྱོགས་ཀྱི་འཐུས་མི་ཝུའུ་མེ་ལུའོ་ཧྥུའུ་ཡིས་ཝུའུ་ཁི་ལན་གྱི་མིག་སྔའི་ལས་འགན་གཙོ་བོ་ནི་དམག་འཁྲུག་གི་མཇུག་བསྡུ་རྒྱུ་མ་ཟད། ཝུའུ་ཁི་ལན་གྱི་བདེ་འཇགས་ལ་འགན་སྲུང་ཐུབ་པར་ཁག་ཐེག་བྱེད་དགོས་པ་དེ་ཡིན་པར་བསྟན།
ཚེས12ཉིན། ཨ་རིའི་ཕྱོགས་ཀྱི་གྲོས་མོལ་འཐུས་མི་ཝེ་ཐེ་ཁོ་ཧྥུའུ་དང་ཁུའུ་ཧྲི་ན་གཉིས་མོ་སི་ཁོར་འབྱོར་ནས། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་ཐུག་འཕྲད་བྱེད་རྩིས་བྱས།