དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་ཀྲིན་ཀྲི་ཏང་གིས་ནེ་ཐ་ཉི་ཡ་ཧུའུ་ཡིས་དབྱི་ལང་ལ་དྲག་ཤུགས་སྤྱོད་མི་རུང་བའི་སྐུལ་ལྕག་བྱས་པར་བསྟན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

​དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་ཚེས11ཉིན་གནས་ཚུལ་སྤེལ་བ་ལྟར་ན། སྲིད་གཞུང་གསར་པ་འཛུགས་པར་བརྩོན་ལེན་བྱེད་བཞིན་པའི་དབྱི་སི་རལ་ཀྲིན་ཀྲི་ཏང་གི་འགོ་ཁྲིད་པ་ཨའེ་སེན་ཁོ་ཐེ་དང་དབྱི་སི་རལ་གྱི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཀྲ་སྨི་ཨར་གཉིས་ཀྱིས་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཉེ་དུས་དབྱི་ལང་ལ་དམག་དོན་འགུལ་སྐྱོད་སྤེལ་བའི་འཆར་གཞི་ལག་བསྟར་བྱེད་རྒྱུར་ངོ་རྒོལ་བྱས། ཨའེ་སིན་ཁོ་ཐེ་ཡིས་ནེ་ཐ་ཉི་ཡ་ཧུའུ་ལ་འཕྲིན་ཡིག་བསྐུར་ནས་ཐད་ཀར་འཇིགས་སྐུལ་ཐེབས་མེད་པའི་སྐབས་སུ་དམག་དཔུང་བཀོད་སྒྲིག་མི་བྱེད་རྒྱུའི་སྐུལ་མ་བཏང་། དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ནེ་ཐ་ཉི་ཡ་ཧུའུ་ཡིས་མིག་སྔར་དབྱི་ལང་ལ་དམག་དོན་འགུལ་སྐྱོད་སྤེལ་རྒྱུའི་འཚོལ་ཞིབ་བྱེད་བཞིན་ཡོད་ཅེས་བསྟན།

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁ་ཚི་ཡིས་ཚེས12ཉིན་བཤད་རྒྱུར། ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་འགོ་ཁྲིད་པའི་ལྟ་སྲུང་སྲིད་གཞུང་གིས་དབྱི་སི་རལ་གྱི་རྒྱལ་སྲུང་དམག་ལ་བཀོད་འདོམས་བྱེད་པའི་དམག་དོན་འགུལ་སྐྱོད་མ་སྤེལ་གོང་། ཆབ་སྲིད་འགྲན་ཡའི་མོས་མཐུན་ཐོབ་མི་དགོས་ལ། རྒྱལ་ཁབ་བདེ་འཇགས་ལས་དོན་དེ་མིག་སྔའི་ཆབ་སྲིད་ནང་སྲིད་འཛུགས་པའི་འཕེལ་རིམ་དང་བསྟུན་ནས་མཚམས་འཇོག་མི་སྲིད་ཟེར།