
ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་ཚེས11ཉིན་ཨུ་རུ་སུའི་མོ་སི་ཁོ་རུ་ཐུན་མོང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུས། རྩ་འཛུགས་དེའི་ནང་ཡ་མེ་ཉི་ཡའི་འདེམས་ཤོག་འཕེན་དབང་མེད་པར་བཟོ་རྒྱུ་མ་ཟད། ཡ་མེ་ཉི་ཡའི་སྤྱི་དམངས་ལ་རྩ་འཛུགས་དེའི་ཁྲོད་ལས་འགན་མིང་འདོན་བྱ་རྒྱུ་མཚམས་འཇོག་རྒྱུ་གཏན་འབེབས་བྱས་ཡོད། ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཡ་མེ་ཉི་ཡས2024ལོའི་ཚུན་ལ་རྩ་འཛུགས་དེའི་ཚོགས་མིའི་གྲོན་དངུལ་བྱིན་མེད། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས་བཤད་རྒྱུར། ཨེ་ཤ་ཡ་ཕྱོགས་ཀྱིས་ཐུན་མོང་བདེ་འཇགས་འགན་ལེན་གྱི་དབང་ཆ་སྔར་བཞིན་སོར་འཇོག་བྱས་ཡོད་ཟེར།
ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ད་ལྟའི་ཁོངས་ཞུགས་རྒྱལ་ཁབ་ལ་ཨུ་རུ་སུ་དང་། ཧ་སག་སི་ཐན། ཡ་མེ་ཉི་ཡ། ཁེར་གྷི་སི་ཐན། ཐ་ཇིག་སི་ཐན་བཅས་ཚུད་ཡོད།