ཨ་ཧྥུའུ་ཧན་དང་ཨུ་རུ་སུས་དཔལ་འབྱོར་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཨ་ཧྥུའུ་ཧན་སྲིད་གཞུང་གི་གཞུང་ཕྱོགས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱིས་བསྟན་དོན།  ཨ་ཧྥུའུ་ཧན་དང་ཨུ་རུ་སུས་ཚེས12ཉིན་ཁཱ་པོར་དུ་བསྡོམས་འབོར་ཨ་སྒོར་དུང་ཕྱུར་གཅིག་དང་ས་ཡ་གསུམ་ཡིན་པའི་དཔལ་འབྱོར་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད་ཅིང་། རྒྱལ་ཁབ་གཉིས་ཀྱིས་ཚོང་ཟོག་སྣ་ཚོགས་ཕྱིར་གཏོང་ནང་འདྲེན་བྱེད་པའི་ཉོ་ཚོང་ལ་མཉམ་དུ་སྐུལ་འདེད་བཏང་ནས་ཕྱོགས་གཉིས་ཀྱི་ཉོ་ཚོང་གི་འགྲོ་འོང་སྔར་ལས་རྒྱ་བསྐྱེད་པ་རེད།

ཨ་ཧྥུའུ་ཧན་སྲིད་གཞུང་གི་མགྲིན་ཚབ་པ་གཞོན་པ་ཧ་མུའུ་ཏུའུ་ལ་·ཧྥེ་ཐི་ལ་ཐི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། ཨུ་རུ་སུའི་ཙུང་ལི་གཞོན་པ་ཨ་ལེ་ཁེ་ཞེ·ཨའོ་ཝེ་འར་ཆིའུ་ཁེ་དང་ཨ་ཧྥུའུ་ཧན་གྱི་ཙུང་ལི་གཞོན་པ་ཨ་པུའུ་ཏུའུ་ལི·ཅ་ཉི་·པ་ལ་ཏཱ་ཨར་གཉིས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་ཡོད་ཟེར།

ཨུ་རུ་སུའི་ཙུང་ལི་གཞོན་པས་སྣེ་ཁྲིད་པའི་ཨུ་རུ་སུའི་མཐོ་རིམ་འཐུས་ཚབ་ཚོགས་པ་ཚེས12ཉིན་ཁཱ་པོར་དུ་འབྱོར། ཧྥེ་ཐི་ལ་ཐི་ཡིས་དེ་སྔོན་ཡིག་ཆ་བཀྲམ་ནས་འཐུས་ཚབ་ཚོགས་པ་འདིས་ཐེངས་འདིར་ཨ་ཧྥུའུ་ཧན་གྱི་ཙུང་ལི་དང་ཙུང་ལི་གཞོན་པ་སོགས་སྲིད་གཞུང་གི་དཔོན་རིགས་དང་གྲོས་མོལ་རབ་དང་རིམ་པ་བྱ་རྒྱུའི་འཆར་གཞི་བཟོས་ཡོད་པ་དང་། གྲོས་གཞིའི་ནང་ཆབ་སྲིད་དང་དཔལ་འབྱོར། ཚོང་དོན། མངའ་ཁོངས་བརྒལ་བའི་སྐྱེལ་འདྲེན་མཉམ་ལས་སོགས་ཚུད་ཡོད།

2021ལོའི་ཟླ8པར་ཨ་ཧྥུའུ་ཧན་གྱི་ཐ་ལི་པན་གྱིས་ཡང་བསྐྱར་དབང་ཆ་བཟུང་རྗེས། ཨུ་རུ་སུ་ནི་ཨ་ཧྥུའུ་ཧན་གྱི་ཐ་ལི་པན་སྲིད་གཞུང་དངོས་སུ་ཁས་བླངས་པའི་རྒྱལ་ཁབ་ཐོག་མ་རེད།