
ཚེས17ཉིན། དབྱི་སི་རལ་གྲོས་ཁང་གིས་མོས་མཐུན་ཡོད་པའི་འདེམས་ཤོག66དང་། མོས་མཐུན་མེད་པའི་འདེམས་ཤོག52ཀྱི་བརྡས་ཐག་བཅད་པའི་མཇུག་འབྲས་ལས། ཀྲིན་ཀྲི་ཏང་གི་གྲོས་མི་མཱ་ཐན·ཁ་ཧ་ན་གསར་དུ་ལས་འགན་འཁུར་བའི་གྲོས་གཙོར་བདམས་ནས། ནེ་ཐ་ཉི་ཡ་ཧུའུ་ཡོད་སའི་ལིས་ཏི་ཁུའུ་སྡེ་ཚོགས་ཀྱི་གྲོས་གཙོའི་མཐུད་ཚབ་བྱས། དབྱི་སི་རལ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། དེས་ཀྲིན་ཀྲི་ཏང་གི་འགོ་ཁྲིད་ཨའེ་སེན་ཁོ་ཐེའི་དཔུང་སྒར་གྱིས་གྲོས་ཁང་གི་གཙོ་ཁྲིད་དབང་ཆ་བརྩོན་ལེན་བྱེད་པའི་ཐད་འཕེལ་རིམ་གལ་ཆེན་བླངས་པ་མཚོན།
ཟླ་འདིའི་ཚེས8ཉིན་ཨའེ་སེན་ཁོ་ཐེ་ལ་སྲིད་འཛིན་གྱི་དབང་ཆ་ཐོབ་ནས་སྲིད་གཞུང་གསར་པ་བཙུགས་པ་དང་། ཁོས་ད་ལྟ་སྔར་བཞིན་སྲིད་ཏང་གཞན་དག་གི་མཉམ་འབྲེལ་རྩ་འཛུགས་ལ་རྒྱབ་སྐྱོར་ཐོབ་པར་བརྩོན་བཞིན་ཡོད།