མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཅ་ཧྲའི་དགུན་དུས་ཀྱི་གནས་བབ་ཛ་དྲག་ཡིན་པ་བསྟན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཚེས17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་དང་རྒྱལ་སྤྱིའི་གནས་སྤོར་ཡུལ་མིའི་རྩ་འཛུགས་ཀྱིས་ཉེན་བརྡ་བཏང་བ་ལྟར་ན། མ་དངུལ་ཧ་ཅང་དཀོན་པ་དང་ཞུགས་འཐུས་ཆོག་པའི་ཚོད་འཛིན་གྱིས་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ལ་འཇིགས་སྐུལ་ཐེབས་བཞིན་ཡོད་པས། དགུན་དུས་ཀྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྱུར་ངེས་རེད། ལས་ཁུངས་འདིས་བསྟན་དོན། གལ་ཏེ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རྒྱུན་མཐུད་བྱེད་མ་ཐུབ་ཚེ། ད་ལོའི་ལོ་མཇུག་ཏུ་ཅ་ཧྲ་ས་ཁུལ་གྱི་མི་འབོར་ཕལ་ཆེར90%སྟེ། མི་ས་ཡ་གཅིག་འབུམ་དགུ་འབྲུ་རིགས་བདེ་འཇགས་མིན་པའི་གནས་ཚུལ་ཚབས་ཆེན་དང་འཕྲད་སྲིད། 

​