
2023ལོའི་ཟླ10པར་སྐོར་ཐེངས་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་བྱུང་རྗེས། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་པོའི་ནུབ་ངོགས་སུ་འགུལ་སྐྱོད་བྱས་པའི་དབང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་སྐྱོན་བརྗོད་བྱས། དུས་མཚུངས་སུ། ཡིའུ་ཐའེ་པར་ངོ་རྒོལ་བྱེད་པའི་རིང་ལུགས་ཀྱི་དོན་རྐྱེན་དེ་ཡོ་རོབ་གླིང་དུ་ཇེ་མང་དུ་ཕྱིན་པར་བརྩིས། དབྱི་ཐ་ལིའི་ཡིའུ་ཐའེ་པ་ཞིག་གིས་རྩ་འཛུགས་བྱས་ཏེ་བསྡོམས་རྩིས་བྱས་པ་ལྟར་ན། 2025ལོར་དབྱི་ཐ་ལིར་དོན་རྐྱེན་དེའི་རིགས963བྱུང་བ་དེ་ལོ་སྔོན་མ་ལས་ཧ་ལམ10%འཕར་ཡོད་ཅིང་། དེ2023ལོའི་ལྡབ་གཉིས་ལྷག་ཡིན་ལ། 2022ལོའི་ཧ་ལམ་ལྡབ4རེད།
དེ་དང་ཆབས་ཅིག དབྱི་སི་རལ་དང་ཡིའུ་ཐའེ་པར་ངོ་རྒོལ་བྱེད་པའི་རིང་ལུགས་བར་གྱི་དབྱེ་མཚམས་ལ་སྐྱོན་བརྗོད་བྱེད་པའི་རྩོད་གཞི་དབྱི་ཐ་ལི་རུ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད། ཁྲིམས་གཞི་འདིར་ངོ་རྒོལ་བྱེད་མཁན་གྱིས་དམར་གསོད་ཆེན་མོའི་རྗེས་དྲན་མནའ་འབྲེལ་གྱི་ཡིའུ་ཐའེ་པར་ངོ་རྒོལ་བྱེད་པའི་རིང་ལུགས་ཀྱི་མཚན་ཉིད་དང་དེའི་དཔེ་མཚོན་ཁྲིམས་གཞིའི་ནང་བཞག་ཚེ། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འབྲེལ་ཡོད་གནད་དོན་གྱི་གཏམ་བརྗོད་ལ་ཚོད་འཛིན་བྱེད་སྲིད་པའི་སེམས་ཁྲལ་བྱེད་བཞིན་ཡོད། རྒྱབ་སྐྱོར་བྱེད་མཁན་གྱིས་བསྟན་དོན། ཁྲིམས་གཞི་དེ་ནི་ཡིའུ་ཐའེ་པར་ངོ་རྒོལ་བྱེད་པའི་རིང་ལུགས་ཀྱི་དོན་རྐྱེན་གྱི་གྲངས་འབོར་གློ་བུར་དུ་འཕར་བའི་དགོས་ངེས་ཀྱི་ཨ་ལན་ཡིན་ལ། ཡིའུ་ཐའེ་པར་ངོ་རྒོལ་བྱེད་པའི་རིང་ལུགས་ཀྱི་གཏམ་སྤྱོད་ལ་ངོས་འཛིན་དང་རྡུང་རྡེག་གཏོང་བར་བཀོལ་བའི་ད་ལྟ་སྤྱོད་བཞིན་པའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱ་རྒྱུར་ཕན་མོད། ཡིན་ཡང་དབྱི་སི་རལ་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པར་ཚོད་འཛིན་ཐེབས་མི་སྲིད།