
ཚེས18ཉིན་ཝེ་ནེ་ཙུའེ་ལའི་སྲིད་འཛིན་ལས་ཚབ་ཏི་འར་ཞི·ལུའོ་ཏི་ལེ་ཀི་སི་ཡིས་བསྟན་དོན། ཝེ་ནེ་ཙུའེ་ལ་དང་ཨ་རིའི་དམག་དོན་ལག་རྩལ་མཉམ་ལས་སླར་གསོ་བྱས་ཤིང་། དེའི་ནང་དམག་དོན་སྦྱོང་བརྡར་དང་དམག་འཐབ་སྒྲིག་ཆས་གསར་སྒྱུར་བྱ་རྒྱུ་ཚུད་ཡོད།
ཨ་རིས་བསྟུད་མར་ཝེ་ནེ་ཙུའེ་ལའི་ནང་སྲིད་ལ་ཐེ་གཏོགས་བྱས་པས་ཝེ་ནེ་ཙུའེ་ལས2019ལོར་ཨ་རི་དང་ཕྱི་འབྲེལ་གྱི་འབྲེལ་བ་བཅད་ཡོད། ད་ལོའི་ཟླ་དང་པོའི་ཚེས3ཉིན། ཨ་རིའི་དམག་དཔུང་གིས་ཝེ་ནེ་ཙུའེ་ལར་གཞི་ཁྱོན་ཆེ་བའི་དམག་དོན་རྡུང་རྡེག་བཏང་བ་དང་། ཝེ་ནེ་ཙུའེ་ལའི་སྲིད་འཛིན་མ་ཏུའུ་ལུའོ་དང་ཁོའི་ཆུང་མ་བཙན་བཟུང་བྱས་པ་མ་ཟད་ཁོ་ཚོ་ཨ་རིར་ཁྲིད། ཝེ་ནེ་ཙུའེ་ལ་དང་ཨ་རི་ཕྱོགས་གཉིས་ཀྱིས་ཟླ3པའི་ཚེས5ཉིན་སོ་སོའི་གསལ་བསྒྲགས་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཕྱི་འབྲེལ་དང་གཞུང་ཚབ་ཀྱི་འབྲེལ་བ་སླར་གསོ་བྱེད་པར་འཐད་པ་བྱུང་པ་བསྟན། ཟླ9པར་ལུའོ་ཏི་ལེ་ཀི་སི་ཡིས་ཉིག་ཡོག་གི་སྐབས81པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་བྱེད་སྒོ་སྐབས་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་དང་ཐུག་འཕྲད་གྲོས་མོལ་བྱས་ཤིང་། ཕྱོགས་གཉིས་ཀྱིས་ཕན་ཚུན་འབྲེལ་བར་ཤུགས་སྣོན་པ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བར་གྲོས་བསྡུར་བྱས།