མ་ཏ་ཀ་སི་ཁའི་གནས་སྐབས་ཀྱི་རྒྱལ་ཁབ་གཙོ་འཛིན་གྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

མ་ཏ་ཀ་སི་ཁའིི་གནས་སྐབས་ཀྱི་རྒྱལ་ཁབ་གཙོ་འཛིན་ལན་ཏི་ལི་ཡ་ཉི་ལི་ན་ཡིས་ཚེས18ཉིན་རྒྱལ་ས་ཐཱ་ན་ན་ལི་ཧྥོ་རུ་ནན་གྱིས་བསྟན་དོན། མ་ཏ་ཀ་སི་ཁ་ཕྱོགས་ལ་མཚོན་ན་ཀྲུང་གོ་གཅིག་གི་རྩ་དོན་སྲུང་བའི་ལངས་ཕྱོགས་བློ་བརྟན་འགྱུར་མེད་ཡིན་ཞིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད།

ལན་ཏི་ལི་ཡ་ཉི་ལི་ན་ཡིས་ཉིན་དེར་གསར་དུ་བསྐོ་གཞག་བྱས་པའི་མ་ཏ་ཀ་སི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིའུ་ཝེ་ཡིས་ཕུལ་བའི་རྒྱལ་ཡིག་དང་ལེན་བྱེད་སྐབས། མ་ཏ་ཀ་སི་ཁ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་དཔེ་མཚོན་ཡིན་ཞིང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ལིའུ་ཝེ་ཡིས་བསྟན་དོན། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་པའི་ཆ་ནས། ཀྲུང་གོ་དང་མ་ཏ་ཀ་སི་ཁ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཟོལ་མེད་མཛའ་མཐུན་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མཉམ་ལས་མཉམ་རྒྱལ་བཅས་མཐའ་འཁྱོངས་བྱེད་ཀྱིན་ཡོད། མ་ཏ་ཀ་སི་ཁ་ཕྱོགས་ཀྱིས་རང་བཙན་རང་བདག་གིས་རྒྱལ་ཁབ་རང་ངོས་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱིི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བཟུང་སྟེ། ཁྱབ་ཁོངས་ཁག་གི་མཛའ་མཐུན་མཉམ་ལས་དང་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མ་ཏ་ཀ་སི་ཁ་ཕྱོགས་ཀྱིས་རང་བདག་ངང་འཕེལ་རྒྱས་གཏོང་བར་བློས་འགེལ་ཆོག་པའི་རོགས་ཟླ་བྱེད་འདོད་ཡོད་ཟེེར།

ལིའུ་ཝེ་ཡིས་ཟླ11པའི་ཚེས5ཉིན་མ་ཏ་ཀ་སི་ཁར་འབྱོར་ནས་ལས་འགན་འཁུར།