དབྱི་དམག་གིས་ཅ་ཧྲ་ས་ཁུལ་གྱི“སེར་ཐིག”ནུབ་ཕྱོགས་སུ་དོང་ལམ་བཤིག་པའི་འགུལ་སྐྱོད་སྤེལ་བ་བསྟན།
ཁུངས། ཀློག་གྲངས།
དབྱི་སི་རལ་རྒྱལ་སྲུང་དམག་དང་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུས་ཀྱིས་ཚེས18ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར།   བདེ་འཇགས་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་གྱི“སེར་ཐིག”ནུབ་ཕྱོགས་སུ་དམིགས་གཏད་རང་བཞིན་ལྡན་པའི་དམག་དོན་འགུལ་སྐྱོད་སྤེལ་ནས།   དབྱི་དམག་ལ་ཐད་ཀར་དང་དགོས་གཏུག་གི་འཇིགས་སྐུལ་ཡོད་པར་བཤད་པའི་དོང་ལམ་ཞིག་བཤིག

གསལ་བསྒྲགས་ལས་བཤད་རྒྱུར།     འགུལ་སྐྱོད་མ་སྤེལ་གོང་།   དབྱི་སི་རལ་ཕྱོགས་ཀྱིས་ས་གནས་མང་ཚོགས་ལ་དྲན་སྐུལ་བྱས་ཏེ། ཁོ་ཚོ་འབྲེལ་ཡོད་ས་ཁོངས་དང་གྱེས་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཉེ་འགྲམ་གྱི་བགྲོད་ལམ་སྒོ་རྒྱག་དགོས་པའི་བརྡ་ཐོ་བཏང་།

གསལ་བསྒྲགས་ལས་བསྟན་དོན།      དབྱི་སི་རལ་དམག་དཔུང་གི་ལྷོ་ཕྱོགས་དམག་སྤྱི་པུའུ་ཡི་ཁོངས་གཏོགས་དམག་དཔུང་གིས་ད་ལྟ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཡིག་ལྟར་འབྲེལ་ཡོད་ས་ཁུལ་དུ། མུ་མཐུད་དུ་འགུལ་སྐྱོད་སྤེལ་ནས་ཐད་ཀའི་འཇིགས་སྐུལ་མེད་པར་བཟོ་རྒྱུ་ཡིན་པ་མ་ཟད།   ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་གྱིས་དབྱི་སི་རལ་གྱི་མང་ཚོགས་དང་དམག་མིར་འཇབ་རྒོལ་བྱེད་པ་དང་།   དེ་བཞིན་དམག་འཁྲུག་མཚམས་འཇོག་པའི་གྲོས་ཡིག་དང་འགལ་བར་བཀག་འགོག་བྱ་རྒྱུ་རེད།

“སེར་ཐིག”ནི་དབྱི་དམག་གིས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་དུས་རིམ་དང་པོའི་གྲོས་ཡིག་གཞིར་བཟུང་ནས་བཙུགས་པ་ཞིག་ཡིན་ལ། “སེར་ཐིག”ཤར་ཕྱོགས་ནི་དབྱི་དམག་གིས་ཚོད་འཛིན་བྱེད་པའི་ས་ཁུལ་ཡིན་ཞིང་། ཅ་ཧྲ་ས་ཁུལ་གྱི་རྒྱ་ཁྱོན་གྱི53%ཟིན། “སེར་ཐིག”ནུབ་ཕྱོགས་ཧ་མ་སིས་ཚོད་འཛིན་བྱས་ཤིང་།   དབྱི་དམག་གིས་དམག་དཔུང་བཅའ་སྡོད་མི་བྱེད་པ་དང་འགུལ་སྐྱོད་སྤེལ་མི་སྲིད།
ཧ་མ་སིས་ཚེས18ཉིན་གསལ་བསྒྲགས་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་དུ་དམག་དོན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་བཏང་སྟེ།  བྱ་སྤྱོད་འདི་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཡིག་དང་འགལ་བ་བསྟན།   གསལ་བསྒྲགས་ལས་བཤད་རྒྱུར།   དབྱི་དམག་གི་རླངས་འཁོར“སེར་ཐིག”ལས་བརྒལ་ཏེ་ནུབ་ཕྱོགས་སུ་བསྐྱོད་པ་མ་ཟད།  ནུའུ་སའེ་ལའེ་ཐེའི་ཡུལ་གྱར་པའི་སྒར་སའི་བྱང་ཤར་ས་ཁོངས་ཀྱི་ཕ་ལེ་སི་ཐན་པ་སྡོད་གནས་ནས་ཁ་བྲལ་དུ་བཅུག  ཧ་མ་སིས་བསྟན་དོན། དབྱི་དམག་གི་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་ཕ་ལེ་སི་ཐན་པ་ཅ་ཧྲ་ས་ཁུལ་གྱི་གུ་དོག་པའི་ས་ཁོངས་སུ་བཙིར་གནོན་བྱ་རྒྱུ་དེ་རེད།