
《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སོ་གཅིག་པ་དེ་ཉིན་གཉིས་འགོར་འགྱངས་བྱས་རྗེས་ཚེས22ཉིན་གྲོལ་བ་རེད། ཚོགས་ཆེན་ཐོག་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་དྲང་གཞག་གཞན་སྒྱུར་དང་འགྱངས་འཕྲི། བབ་བསྟུན། མ་དངུལ་སོགས་ཀྱི་གྲོས་གཞིར་ཆོད་དོན་རབ་དང་རིམ་པ་བཞག་ཡོད་ལ། ཆབ་སྲིད་ཀྱི་ཆོད་དོན་ཐད་ངོས་འཛིན་གཅིག་མཐུན་བྱུང་མེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཁུའུ་ལུའུ་མུའུ་ཡིས་བཤད་རྒྱུར། ཕྱོགས་སོ་སོ་འབྲེལ་ཡོད་ཡིག་ཆའི་ཐད་གཅིག་མཐུན་མ་བྱུང་བས་འབྲེལ་ཡོད་འཕེལ་རིམ་འགལ་རྐྱེན་དང་འཕྲད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚོགས་ཆེན་ཐོག་ཕྱོགས་ཡོངས་ཀྱི་གྲུབ་འབྲས་ཡིག་ཆ་དེར་ཐད་ཐུན་མོང་གི་ལྟ་ཚུལ་འབྱུང་མ་ཐུབ་པར་བློ་ཕམ་བྱུང་ཡོད་ཅེས་བསྟན།
ཀྲུང་གོའི་འཐུས་མིས་བསྟན་དོན། ཀྲུང་གོའི་ཕྱོགས་དེའི་ཐད་བློ་ཕམ་ཆེན་པོ་བྱུང་མོད། འོན་ཀྱང་རྒྱུ་རྐྱེན་དེའི་དབང་གིས་ཕྱོགས་མང་འཕེལ་རིམ་ལ་ཡིད་ཆེས་མེད་པར་འགྱུར་མི་རུང་། ཀྲུང་གོའི་ཕྱོགས་ཀྱིས་བསྟན་དོན། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ནི་ནམ་ཡང་བདེ་ཞིང་འཇགས་པའི་ལམ་བུ་ཞིག་མིན། ཕྱོགས་མང་རིང་ལུགས་དང་མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱ་རྒྱུ་ནི་མིའི་རིགས་ཡོངས་ཀྱིས་ཐུན་མོང་གིས་འགྲན་སློང་བྱེད་པའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཐབས་ལམ་འབའ་ཞིག་ཡིན།
སྐབས་རྗེས་མའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན2027ལོར་ཨེ་ཙེ་ཨོ་ཕི་ཡར་འཚོག་འཆར་འདུག