
ཚེས24ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས“ལག་རྩལ་འགྱུར་ལྡོག་མྱུར་བའི་དུས་རབས་ཀྱི་གདོང་ཐུག་ཐག་གཅོད་བྱེད་པའི”ཡོངས་བསྒྲགས་དཔྱད་གླེང་ཚོགས་འདུ་ཚོགས་ཤིང་། ཀྲུང་གོའི་འཐུས་མིས་བསྟན་དོན། ད་ལྟ་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་མྱུར་ངང་བྱུང་ནས། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་དེ་སྔ་བྱུང་མྱོང་མེད་པའི་གོ་སྐབས་དང་འགྲན་སློང་ལ་འཕྲད་ཡོད། མི་ཐབས་རིག་ནུས་དང་མི་མེད་མ་ལག་སོགས་གསར་དར་ཚན་རྩལ་དག་ཞི་བདེ་སྲུང་སྐྱོང་བྱེད་པའི་ལག་ཆར་འགྱུར་ཆོག་ལ། གདོང་ཐུག་ཛ་དྲག་ཏུ་འགྲོ་བར་སྐུལ་འདེད་གཏོང་བའི་ལག་རོགས་སུ་འགྱུར་སྲིད་པས། གནད་འགག་ནི་མིའི་རིགས་ཀྱིས་འགན་འཁུར་བའི་སྒོ་ནས་བཀོལ་མིན་ལ་རག་ལས་ཡོད། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གསར་དར་ཚན་རྩལ་ཐོག་མཐའ་བར་དུ་བཟང་ཕྱོགས་ལེགས་ཕྱོགས་དང་། མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱེད་དགོས་ཟེར།